འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རྫམ་ཆུ་ཤུགས་གློག་ཁང་གིས་གློག་གཏོང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་25ཉིན། 08:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྫམ་ཆུ་ཤུགས་གློག་ཁང་གིས་གློག་གཏོང་འགོ་ཚུགས་པ།
         ཟླ་༡༡ཚེས་༢༣ཉིན་དུས་ཡུན་ལོ་བརྒྱད་ཙམ་འགོར་བ་དང་མ་དངུལ་སྒོར་དུང་ཕྱུར་༩༦བཏང་བའི་རྫམ་ཆུ་ཤུགས་གློག་ཁང་གིས་གློག་གཏོང་འགོ་ཚུགས་ཤིང་། འདི་ནི་རང་རྒྱལ་གྱིས་ཡར་ཀླུང་གཙང་པོའི་ཆུ་རྒྱུན་ཐོག་བསྐྲུན་པའི་ཆུ་ཤུགས་གློག་ཁང་དང་པོ་དེ་ཡིན་པ་དང་དེར་འཕྲུལ་ཙུའུ་༦དང་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་༥༡ཟིན་གྱི་ཡོད་པ་རེད།
         ངོ་སྤྲོད་བྱས་པ་ལྟར་ན། རྫམ་ཆུ་ཤུགས་གློག་ཁང་དེ་ས་བབ་མཐོ་བ་དང་མཐོ་གྲང་ཁུལ་དུ་གནས་པས་ཨར་ལས་ཐད་དཀའ་ཚད་ཆེན་པོ་འཕྲད་པ་དང་གློག་ཁང་བསྐྲུན་མཁན་ཕྱོགས་ཀྱིས་ཆེད་དོན་ཞིབ་འཇུག་ཇུས་གཞི་༡༠ཙམ་བཏོན་ནས་ལག་རྩལ་གསར་གཏོད་དང་ཁོར་ཡུག་སྲུང་སྐྱོང་ཐད་ས་མཐོའི་ཆུ་གློག་བསྐྲུན་པའི་ཟིན་ཐོ་མང་པོ་བཏོད་ཁར་ཀྲུང་གོའི་ས་མཐོའི་ཆུ་ཤུགས་འཛུགས་སྐྲུན་ཐད་རྩ་ཆེའི་ཉམས་མྱོང་ཡང་བསགས་ཡོད།
    ༄༅།།རྫམ་ཆུ་ཤུགས་གློག་ཁང་གིས་གློག་གཏོང་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།