འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭ་དངོས་སུ་སྤྱོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་21ཉིན། 09:15】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭ་དངོས་སུ་སྤྱོད་འགོ་ཚུགས་པ།
        མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་20ཉིན། ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭ་དངོས་སུ་སྤྱོད་འགོ་ཚུགས་པའི་མཛད་སྒོ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་མཛད་སྒོར་ཞུགས་ཏེ་ལས་གྲྭ་དངོས་སུ་སྤྱོད་འགོ་ཚུགས་པ་ཁྱབ་བསྒྲགས་བྱས།
           ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭ་འདི་ནི་རྒྱལ་ཁབ་གློག་དྲ་ཀུང་སིས་མ་དངུལ་སྒོར་དུང་ཕྱུར་66.3བཏང་ནས་ཟླ་བརྒྱད་རིང་འཛུགས་སྐྲུན་བྱས་པ་ཞིག་ཡིན་ཞིང་། ལས་གྲྭ་དེས་འབྱུང་འགྱུར་གྱི་ལོ་དུ་མའི་རིང་བོད་ལྗོངས་ཆབ་མདོ་ས་ཁུལ་དང་སི་ཁྲོན་དཀར་མཛེས་ལྷོ་རྒྱུད་ས་ཁུལ་གྱི་གློག་མཁོ་འདོན་ཐད་མཐུན་རྐྱེན་སྐྲུན་རྒྱུ་མ་ཟད། ཆབ་མདོ་ས་ཁུལ་གྱི་མི་ཁྲི་50ལྷག་གི་གློག་བཀོལ་སྤྱོད་ཀྱི་གནད་དོན་ཐག་གཅོད་ཐུབ་རྒྱུ་ཡིན་པ་རེད།
    ༄༅།།ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭ་དངོས་སུ་སྤྱོད་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།