འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།སང་ལོར་ལྷ་ས་གྲོང་ཁྱེར་དུ་སྤྱི་སྤྱོད་རྐང་འཁོར་༢༠༠༠དང་རྐང་འཁོར་བོགས་གཏོང་
    ས་ཚིགས་༧༡གསར་སྣོན་བྱ་རྩིས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་24ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱིས“ཐཱན་ཉུང་ཁོར་ཡུག་སྲུང་སྐྱོང”གི་གྲོང་ཁྱེར་གྱི་གཟུགས་བརྙན་བཏོད་དེ“ལྗང་མདོག་འགྲིམ་འགྲུལ་དང་ཐཱན་ཉུང་འགྲོ་སྐྱོད”ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད། ན་ནིང་ཟླ་བཅུ་གཉིས་པར་ལྷ་སའི་གྲོང་ཁུལ་གྱི་ལམ་དུམ་གཙོ་བོ་ཁག་ལ་སྤྱི་སྤྱོད་རྐང་འཁོར་བོགས་གཏོང་ས་ཚིགས་བཙུགས་པ་དང་། དེ་ལ་ཁྱོན་སྤྱི་སྤྱོད་རྐང་འཁོར་༢༤༢བཏང་ཡོད། ཉེ་ཆར་གསར་འགོད་པས་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རྐང་འཁོར་བོགས་གཏོང་ཀུང་སི་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་ཚོ་འགྲོ་འོང་སྟབས་བདེ་ཡོང་ཆེད། དུས་ཐེངས་གཉིས་པའི་རྣམ་གྲངས་འཆར་འགོད་འཛུགས་སྐྲུན་བྱས་ཏེ་སྤྱི་སྤྱོད་རྐང་འཁོར་༢༠༠༠གཏོང་རྒྱུ་ཡིན་པ་དང་། རྐང་འཁོར་བོགས་གཏོང་ས་ཚིགས་༧༡གསར་དུ་འཛུགས་རྩིས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།