འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ནོར་སྲིད་པུའུ་དང་དམངས་སྲིད་པུའུ་གཉིས་ཀྱིས་སི་ཁྲོན་ཞིང་ཆེན་ལ་ཀྲུང་དབྱང་གི་
    གེགས་སེལ་མ་དངུལ་སྒོར་ཁྲི་༥༠༠༠གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་24ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༢༣དམངས་སྲིད་པུའི་དྲ་ཚིགས་ནས་སྤེལ་བའི་ཆ་འཕྲིན་ལྟར་ན། སི་ཁྲོན་ཞིང་ཆེན་གྱིས་དར་རྩེ་མདོ་རྫོང་དུ་ས་ཡོམ་རིམ་པ་༦.༣བྱུང་བའི་ཡོམ་འགོག་གནོད་སེལ་ལས་དོན་ལེགས་པར་སྒྲུབ་པར་རོགས་རམ་བྱ་ཆེད། ནོར་སྲིད་པུའུ་དང་དམངས་སྲིད་པུའུ་གཉིས་ཀྱིས་མགྱོགས་མྱུར་ངང་སི་ཁྲོན་ཞིང་ཆེན་ལ་ཀྲུང་དབྱང་གི་གེགས་སེལ་མ་དངུལ་སྒོར་ཁྲི་༥༠༠༠གནང་སྟེ་དར་རྩེ་མདོ་རྫོང་ཁོངས་ཀྱི་ས་ཡོམ་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་མགྱོགས་མྱུར་ངང་གནས་སྤོ་བྱ་རྒྱུ་དང་། བར་བརྒལ་དུས་སྐབས་ཀྱི་འཚོ་བའི་རོགས་དངུལ། གས་རྡིབ་ཁང་པ་ཉམས་གསོ་བསྐྱར་སྐྲུན་བྱ་རྒྱུ། རྐྱེན་ལན་དུ་ཤོར་བའི་ཁྱིམ་མིར་སེམས་གསོ་བྱ་རྒྱུ་སོགས་ལ་སྤྱོད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།