འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་25ཉིན།
  • མི་དམངས་དྲ་བ།>>འགོ་བརྗོད་གསར་འགྱུར།

    ༄༅།།དར་མདོའི་ས་ཡོམ་གྱི་གནོད་སེལ་རྒུད་སྐྱོབ་ལས་དོན་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་25ཉིན། 09:02】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་24ཉིན་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྩེ་མདོའི་ས་ཡོམ་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐེངས་གཉིས་པའི་ཐོག་ཡོངས་བསྒྲགས་བྱས་པ་ལྟར་ན། ཚེས་24ཉིན་གྱི་ཆུ་ཚོད་10བར། ཐེངས་འདིའི་ས་ཡོམ་གྱི་གོད་ཆག་ཁྲོད་མི་5རྐྱེན་ལམ་དུ་ཤོར་བ་དང་། མི་55༼དེའི་ནང་ཉེན་ཁ་ཆེ་བའི་མི་3དང་། རྨས་ལྗིད་མོ་ཕོག་མཁན་མི་3  རྨས་ཡང་མོ་ཕོག་མཁན་མི་49༽ལ་རྨས་ཕོག་པ་རེད།
          མིག་སྔར་མང་ཚོགས་6300བདེ་འཇགས་ངང་གནས་སྤོར་བྱས་ནས་མ་མཐའི་འཚོ་བར་འགན་ལེན་ཐུབ་ཡོད་པ་དང་། གནོད་སེལ་རྒུད་སྐྱོབ་ཀྱི་བརྒྱུད་ལམ་རྣམས་སླར་གསོ་བྱུང་བ། མང་ཚོགས་གནས་སྐབས་འཚོ་སྡོད་བྱེད་སའི་གློག་དང་འཕྲིན་དྲ་རྣམས་རྒྱུན་ལྡན་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།