འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།>>འགོ་བརྗོད་གསར་འགྱུར།

    ༄༅།།དར་མདོའི་ས་ཡོམ་ཁྲོད་མི་5རྐྱེན་ལམ་དུ་ཤོར་བ་དང་། མི་79500ལ་གནོད་འཚེ་ཕོག་ཡོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་24ཉིན། 08:23】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།དར་མདོའི་ས་ཡོམ་ཁྲོད་མི་5རྐྱེན་ལམ་དུ་ཤོར་བ་དང་། མི་79500ལ་གནོད་འཚེ་ཕོག་ཡོད་པ།
        མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་23ཉིན་གསར་འགོད་པས་སི་ཁྲོན་དཀར་མཛེས་ཁུལ་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་ནས་ཤེས་རྟོགས་ལྟར་ན། ཟླ་11ཚེས་23ཉིན་གྱི་ཆུ་ཚོད་18བར། དར་མདོའི་༼11.22༽ས་ཡོམ་གྱིས་དཀར་མཛེས་ཁུལ་གྱི་རྫོང་6དང་ཤང་༼གྲོང་རྡལ་༽55ལ་གནོད་འཚེ་བཏང་བ་རེད། ཚེས་23ཉིན་གྱི་ཆུ་ཚོད་18བར་ས་ཡོམ་གྱི་གོད་ཆག་ཁྲོད་མི་5རྐྱེན་ལམ་དུ་ཤོར་བ་དང་། མི་54ལ་རྨས་༼དེའི་ནང་རྨས་མ་ཧ་ཅང་ཚབས་ཆེན་མི་3དང་། རྨས་མ་ཚབས་ཆེན་མི་5 ༽ཕོག་པ། མི་79500ལྷག་ལ་གནོད་ཚེབས་ཕོག་པ། གནོད་འཚེ་ཕོག་ཁུལ་གྱི་མི་6300ལྷག་གནས་སྤོར་བདེ་འགོད་བྱས། གཞན་རྒྱུས་ལོན་ལྟར་ན། མིག་སྔའི་བར་སྤྱི་ཚོགས་ལས་རིགས་ཁག་གིས་གེགས་ཁུལ་དུ་ཞལ་འདེབས་སྒོར་ཁྲི་100བཏང་ཡོད་པ་རེད།
    ༄༅།།དར་མདོའི་ས་ཡོམ་ཁྲོད་མི་5རྐྱེན་ལམ་དུ་ཤོར་བ་དང་། མི་79500ལ་གནོད་འཚེ་ཕོག་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།