འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲེན་ཆོན་གོས་ས་སྐྱ་དགོན་པར་བརྟག་ཞིབ་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་17ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཁྲེན་ཆོན་གོས་ས་སྐྱ་དགོན་པར་བརྟག་ཞིབ་གནང་བ།
        མི་དམངས་དྲ་བའི་འཕྲིན།  ཟླ་11ཚེས་13ཉིན་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་གཞིས་རྩེའི་ས་སྐྱ་དགོན་དུ་བརྟག་ཞིབ་གནང་བར་ཕེབས། ས་སྐྱ་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབུ་མཛད་བློ་གྲོས་རྒྱ་མཚོ་དང་མཁན་པོ་མཐུ་སྟོབས་སེང་གེས་གྲྭ་དམངས་ཀྱི་སྣེ་ཁྲིད་དེ་མཇལ་དར་ཕུལ་ནས་ཁྲེན་ཆོན་གོ་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་རེད། ཁྲེན་ཆོན་གོས་ཕེབས་ཀྱིན་དུ་ས་སྐྱ་དགོན་པའི་ལོ་རྒྱུས་དང་།རིག་དངོས་སྲུང་སྐྱོབ།དགོན་སྡེ་དོ་དམ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ནན་ཏན་ངང་གསན་པ་རེད།བློ་གྲོས་རྒྱ་མཚོ་དང་མཐུ་སྟོབས་སེང་གེས་ད་ཕན་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་“གཅིག་་དྲུག་”དང་“ཡོད་པ་དགུ་”སོགས་དགོན་སྡེ་དང་དགེ་འདུན་པར་ཕན་པའི་སྲིད་ཇུས་རབ་དང་རིམ་པ་བཟོས་ནས་ལག་བསྟར་བྱས་པ་དེས་རྒྱ་ཆེའི་དགེ་འདུན་པའི་ཉམས་ལེན་ཆ་རྐྱེན་ཧ་ཅང་ལེགས་སུ་བཏང་བ་དང་། དགོན་པ་དེ་ཡོངས་ཀྱི་གྲྭ་དམངས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སྤྲོ་སེམས་ཆེན་པོ་སྔར་ན་མེད་པ་ཆགས་པ། ས་སྐྱ་དགོན་པ་དེ་ལོ་གསུམ་བསྟུད་མར་རྫོང་དང་། ས་ཁུལ།རང་སྐྱོང་ལྗོངས་བཅས་ཀྱི་ཞི་མཐུན་དཔེ་བཟང་དགོན་སྡེར་བདམས་པ་བཅས་རེད་ཅེས་ཞུས་པ་རེད། ཁྲེན་ཆོན་གོས་གསན་སྐབས་དགྱེས་ཚོར་ཆེན་པོ་གནང་བ་དང་། ཁོང་གིས་ས་སྐྱ་དགོན་པས་ལོ་རྒྱུས་ཐོག་མེས་རྒྱལ་གཅིག་གྱུར་ལེགས་སྒྲུབ་དང་།མེས་རྒྱལ་གྱི་མངའ་ཁོངས་སྲ་བརྟན། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཅས་ཀྱི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།དགོན་སྡེའི་གྲྭ་དམངས་ཡོངས་ཀྱིས་འགྲོ་མགོན་འཕགས་པ་མིག་དཔེར་འཛིན་པ་དང་། བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། རྒྱུན་གཏན་གྱི་ཆོས་ཕྱོགས་བྱེད་སྒོ་ཁྲིམས་བཞིན་སྤེལ་བ།རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ།ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན་བཅས་ཀྱི་དགེ་འདུན་པ་ཡག་པོ་ཞིག་ཧུར་ཐག་བྱེད་པ། ཏང་དང་སྲིད་གཞུང་དང་སྔ་ཕྱི་བར་གསུམ་དུ་བློ་གཅིག་སེམས་གཅིག་དང་། བསམ་བློ་དང་ཁ་ཕྱོགས་གཅིག་མཐུན། བསམ་བློ་དང་བྱ་སྤྱོད་གཅིག་མཐུན་བཅས་བྱེད་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་སིམ་འཛུལ་གྱི་གཏོར་བཤིག་བྱེད་སྤྱོད་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ཐུགས་རེ་གནང་།
        ས་སྐྱ་དགོན་པར་སྔར་ནས“ཏུན་ཧོང་གཉིས་པ”ཞེས་འབོད་སྲོལ་ཡོད་པ་དང་། ཤིང་ཏ་ལའི་ལོ་མའི་དཔེ་ཆ་ཚུད་པའི་རིག་དངོས་ཁྲི་10ལྷག་ཙམ་ཉར་ཚགས་བྱས་ཡོད། ཁྲེན་ཆོན་གོས་འགྲེལ་བཤད་ནན་ཏན་གསན་པ་དང་སྐབས་འགར་ཕེབས་མཚམས་བཞག་ནས་གཟིགས་སྐོར་གནང་བ་རེད།ཡོན་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གིས་ས་སྐྱའི་ས་གནས་དཔོན་རིགས་ལ་གནང་བའི་བཀའ་ཡིག་དང་།གོང་མའི་ཐམ་གརྒྱན་གོས་བཅས་ལས་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་ར་སྤྲོད་གང་ལེགས་ཐུབ་པ་དང་། མཛེས་ཉམས་དོད་པའི་ལྡེབས་རིས་རེ་རེ་ལས་ལོ་རྒྱུས་ཡུན་རིང་ལྡན་པ་དང་འོད་སྟོང་རབ་ཏུ་འཕྲོ་བའི་བོད་ཀྱི་རིག་གནས་གང་ལེགས་མངོན་པ།བརྗིད་ཉམས་ལྡན་པའི་དཔེ་ཆའི་རྩིག་པ་དང་རྩ་ཆེའི་ཤིང་ཏ་ལའི་ལོ་མའི་དཔེ་ཆ་ལས་བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་ཕུགས་ཟབ་རྒྱུན་རིང་དང་རྒྱ་ཆེ་གཏིང་ཟབ་གང་ལེགས་མངོན་པ།སྤུས་ཀ་ལེགས་ལ་རྩ་ཆེ་བའི་དཀར་ཆས་ལས་བོད་དང་ནང་སའི་དབར་གྱི་འབྲེལ་བ་ཟབ་མོ་དང་མཛའ་གྲོགས་འགྲོ་འོང་ར་སྤྲོད་གང་ལེགས་ཐུབ་པ་བཅས་རེད། ཁྲེན་ཆོན་གོས་རྩ་ཆེའི་ནོར་བུ་འདི་དག་ནི་བོད་མི་དམངས་ཚུད་པའི་མི་རིགས་ཁག་གི་མི་དམངས་ཀྱི་སྤྱང་གྲུང་ལྡན་པའི་བློ་གྲོས་ཀྱི་སྙིང་བཅུད་ཅིག་དང་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བཏང་བའི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་རེད་ལ།མི་རིགས་ཁག་འབྲེལ་གཏུག་སྤེལ་རེས་དང་མཉམ་འདྲེས་བྱེད་པའི་རིག་གནས་ཀྱི་ཁྲག་རྒྱུན་དང་བསམ་པའི་སྦྲེལ་ཐག་ཅིག་ཀྱང་རེད། མི་དམངས་དང་ལོ་རྒྱུས་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་རིག་དངོས་སྲུང་སྐྱོབ་ལས་དོན་ཏན་ཏིག་བསྒྲུབ་དགོས་པ་དང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་སྲུང་སྐྱོབ་བྱས་ཏེ་དེ་དག་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་དང་ནམ་ཡང་འོད་སྟོང་འཕྲོ་ཐུབ་པ་བྱེད་དགོས་པ།མི་རིགས་ཁག་གི་རིག་གནས་ཀྱི་མོས་སེམས་ཟབ་ཏུ་ཏན་ཏིག་བཏང་ནས་མི་རིགས་ཁག་ལ་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཤིག་བསྐྲུན་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་སྐྱེད་སྲིང་ཧུར་ཐག་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།
    ༄༅།།ཁྲེན་ཆོན་གོས་ས་སྐྱ་དགོན་པར་བརྟག་ཞིབ་གནང་བ།
      

    ཕྱོགས་བསྡུས་གསར་འགྱུར།