འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།གད་སྙིགས་ཕྱིར་བསྡུ་རླངས་འཁོར་ཞིག་འོབ་དོང་ནང་ལྷུང་བས་མེ་ཟོན་དཔོན་དམག་གིས་
    དབུགས་རྔུབ་ལེན་ཡོ་ཆས་གྱོན་ནས་མི་སྐྱོབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་07ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།གད་སྙིགས་ཕྱིར་བསྡུ་རླངས་འཁོར་ཞིག་འོབ་དོང་ནང་ལྷུང་བས་མེ་ཟོན་དཔོན་དམག་གིས་
དབུགས་རྔུབ་ལེན་ཡོ་ཆས་གྱོན་ནས་མི་སྐྱོབ་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་5ཉིན་གྱི་ཕྱི་དྲོའི་ཆུ་ཚོད་15:00སྐབས། ཀན་སུའུ་ཞིང་ཆེན་ཐེན་ཧྲུའུ་གྲོང་ཁྱེར་མེན་ཅི་ཁུལ་གྱི་ཁེ་ལས་ཞིག་གི་གད་སྙིགས་ཕྱིར་བསྡུ་རླངས་འཁོར་ཞིག་མི་དང་རླངས་འཁོར་མཉམ་དུ་མཐོ་ཚད་སྨི་25ཡོད་པའི་གད་སྙིགས་ཕྱིར་བསྡུ་ས་ཚིགས་ཀྱི་འོབ་དོང་ནང་དུ་ལྷུང་བ་རེད། ཁ་ལོ་བ་ཉེན་ཁའི་གནས་སུ་གྱར་བས། ཀན་སུའུ་ཞིང་ཆེན་ཐེན་ཧྲུའུ་གྲོང་ཁྱེར་མེན་ཅི་རུ་འབྲིང་གི་མེ་ཟོན་དཔོན་དམག་གིས་གནས་ཚུལ་ཐོན་སར་བསྐྱོད་ནས་མྱུར་སྐྱོབ་ལས་དོན་སྤེལ་བ་རེད། ཉེན་ཁའི་གནས་སུ་གྱར་བའི་མི་དེ་རླངས་འཁོར་ནང་ཡོད་པས་འགུལ་སྐྱོད་བྱ་ཐབས་བྲལ། ཡུལ་དངོས་སུ་དྲི་ངན་གྱིས་ཁེངས་ཤིང་དབུགས་རྔུབ་དཀའ་བས་གནས་ཚུལ་ཛ་དྲག་ཆེ་པོ་ཡོད། མེ་ཟོན་དཔོན་དམག་གིས་དབུགས་རྔུབ་ཆས་གྱོན་ནས་འོབ་དོང་ནང་མི་སྐྱོབ་པར་སོང་ཞིང་། རླངས་འཁོར་གྱི་སྒོ་གཏོར་ནས། རླངས་འཁོར་ནང་ཚུད་པའི་མི་སྐྱོབ་པ་དང་། མི་རྣམས་ཀྱིས་ནུས་ཤུགས་མཉམ་འདོན་བྱས་པས་འོབ་དོང་ནང་གི་མི་ཕྱིར་སྐྱོབ་སྟེ། མྱུར་སྐྱོབ་རླངས་འཁོར་ནང་སྨན་ཁང་དུ་བསྐྱལ་བ་རེད། དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ཞིབ་བཤེར་བྱེད་བཞིན་པའི་སྒང་ཡིན་པ་རེད།
    ༄༅།།གད་སྙིགས་ཕྱིར་བསྡུ་རླངས་འཁོར་ཞིག་འོབ་དོང་ནང་ལྷུང་བས་མེ་ཟོན་དཔོན་དམག་གིས་
དབུགས་རྔུབ་ལེན་ཡོ་ཆས་གྱོན་ནས་མི་སྐྱོབ་པ།
    ༄༅།།གད་སྙིགས་ཕྱིར་བསྡུ་རླངས་འཁོར་ཞིག་འོབ་དོང་ནང་ལྷུང་བས་མེ་ཟོན་དཔོན་དམག་གིས་
དབུགས་རྔུབ་ལེན་ཡོ་ཆས་གྱོན་ནས་མི་སྐྱོབ་པ།
      

    ཕྱོགས་བསྡུས་གསར་འགྱུར།