འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོགས་འདུ་མང་དྲགས་པ་ནི་སྲིད་འཛིན་ལེ་ལོ་བྱེད་པའི་རྣམ་པ་ཞིག་ཡིན། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་07ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མིག་སྔར། བསྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་གི་ལས་འགན་ཧ་ཅང་ལྕི་བས། གནད་དོན་གསར་པ་དང་འགལ་བ་གསར་པ་མང་པོ་དུས་ལྟར་ཐག་གཅོད་བྱ་དགོས་པར་ཐུག་ཡོད། ཁྱད་པར་དུ་གཞི་རིམ་ལ་དུས་རྒྱུན་ཐག་གཅོད་དཀའ་བའི་གནད་དོན་དང་འཕྲད་ཀྱི་ཡོད་པར་གོང་རིམ་གྱི་རོགས་སྐྱོར་དང་མཛུན་སྟོན་ལ་རེ་སྒུག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད།  ཡིན་ནའང་། ལས་ཁུངས་ཀྱི་ལས་བྱེད་པས་ནམ་རྒྱུན་ལས་བྲེལ་ཆེ་བ་དང་། དུས་ཚོད་ཀྱིས་མི་འདང་བས་གཞི་རིམ་དུ་འགྲོ་བསམ་ཀྱང་འགྲོ་མི་ཐུབ་ཅེས་འཁང་ར་བྱེད་ཀྱི་ཡོད།  འོ་ན་དུས་ཚོད་གང་དུ་སོང་བ་རེད་དམ། 
         དོན་དངོས་སུ། དུས་ཚོད་མང་པོ་ཞིག་ནི་ཚོགས་འདུ་འདྲ་མིན་སྣ་ཚོགས་ལ་བཏང་ཡོད་དེ། དབུལ་ཕོངས་རྫོང་ག་གེ་མོ་ཞིག་གི་རྫོང་ཨུ་ཧྲུའུ་ཅི་ཞིག་གིས་འཁང་ར་བྱས་དོན། ད་ལོའི་ལོ་སྟོད་མཇུག་འགྲིལ་མ་ཐག་པའི་དུས་འདིར། རང་ཉིད་ནི་རིམ་པ་གོང་མས་བསྡུས་པའི་ཚོགས་འདུ་བཅུ་ཕྲག་ལ་ཞུགས་ཡོད་པ་དང་། དེའི་ཐོག་རྫོང་རིམ་པས་བསྡུས་པའི་ཚོགས་འདུ་སྣ་ཚོགས་ལ་ཞུགས་པས། རགས་རྩིས་བྱས་ན། ཆ་སྙོམས་སུ་ལོ་ཕྱེད་ཀྱི་དུས་ཚོད་ནི་ཚོགས་འདུ་འཚོགས་པ་སྟེ། ཚོགས་འདུ་འཚོག་པའམ་ཚོགས་འདུར་ཞུགས་པའི་ལམ་དུ་སྐྱོད་ཀྱི་ཡོད་པས། སེམས་རྣལ་དུ་ཕབ་ནས་ཞིབ་འཇུག་དང་གནད་དོན་དབྱེ་ཞིབ་བྱས་པ་ཧ་ཅང་ཉུང་། དེ་ལྟར་ལས་ཀར་ཁ་གཏད་འཇལ་ཐབས་བྱེད་ཀྱི་ཡོད་པས། ལྟ་སྐུལ་ཞིབ་བཤེར་ལ་དམ་འཛིན་བྱས་ནས་ལག་ལེན་དོན་འཁྱོལ་འཛིན་པའི་དུས་ཚོད་ཁྱོན་ནས་མི་འདུག
       དོན་དངོས་སུ་གནས་ཚུལ་འདིའི་རིགས་རྒྱུན་པར་འབྱུང་བཞིན་ཡོད། མི་ཚང་མ་ཚོགས་འདུ་ཁང་དུ་བཅུག་ཡོད་པ་དང་འགུལ་ཙམ་ཡང་བྱེད་མི་རུང་། མ་གཞི་གོང་རིམ་གྱིས་གཞི་རིམ་ལས་བྱེད་པས་ལས་ཀ་དོན་འཁྱོལ་ཡོང་བ་དམ་དུ་འཛིན་དགོས་པ་དང་། ལས་ཡུལ་དང་པོར་ཕྱིན་ནས་གནད་དོན་དང་འགལ་བ་ཐག་གཅོད་བྱ་དགོས་པའི་བླང་བྱ་བཏོན་མོད། འོན་ཀྱང་གཞི་རིམ་ལས་བྱེད་པ་རྣམས་གོང་རིམ་གྱིས་བསྡུས་པའི་ཚོགས་འདུ་སྣ་ཚོགས་ཀྱིས་བཀག་པས་ཡུལ་དངོས་སུ་འགྲོ་བའི་དུས་ཚོད་མེད་པ་བྱས་ཡོད། གཞི་རིམ་ལས་བྱེད་པས་གོང་རིམ་མི་སྣ་གཞི་རིམ་དུ་ཡོང་ནས་རྟོག་ཞིབ་དང་མཛུབ་སྟོན་ཐེངས་མང་པོར་གནང་བ་དང་། ཐབས་བཀོད་པ་འཐེན་རོགས་དང་སྲིད་ཇུས་བཟང་པོ་འདོན་རོགས་བྱེད་པའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ནའང་། གོང་རིམ་ཡང་རང་ཉིད་ཀྱིས་བཀོད་སྒྲིག་བྱས་པའི་ཚོགས་འདུ་མང་པོས་བཀག་ནས་འགྲོ་བསམ་ཀྱང་འགྲོ་མི་ཐུབ་པ་གྱུར་ཡོད། མང་ཞིང་རྙོག་པ། ནང་དོན་བསྐྱར་ཟློས། ནང་དོན་ཆུང་ཞིང་རྣམ་པ་རྒྱ་ཆེ་བའི་ཚོགས་འདུ་དག་གིས་ལས་བྱེད་པའི་དུས་ཚོད་མང་ཤོས་དང་ནུས་ཤུགས་མང་ཤོས་བཟུང་ཡོད་པ་དང་། རིམ་པ་ངེས་ཅན་ཐོག་གཞི་རིམ་གྱི་ལས་ཀ་ལེགས་པོར་སྒྲུབ་པར་གནོད་རྐྱེན་བཟོས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།