འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཧིན་རྡུ་ཉི་ཞི་ཡས་ནུས་ཤུགས་ཡོད་ཚད་བཏོན་ནས་ས་ཡོམ་བྱུང་ཁུལ་གྱི་ཡུལ་སྐོར་བ་གནས་
    སྤོས་པ་དང་། ཀྲུང་གོའི་ཡུལ་སྐོར་བ་39བདེ་འཇགས་ས་ཁུལ་དུ་བསྐྱལ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་07ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཧིན་རྡུ་ཉི་ཞི་ཡས་ནུས་ཤུགས་ཡོད་ཚད་བཏོན་ནས་ས་ཡོམ་བྱུང་ཁུལ་གྱི་ཡུལ་སྐོར་བ་གནས་
སྤོས་པ་དང་། ཀྲུང་གོའི་ཡུལ་སྐོར་བ་39བདེ་འཇགས་ས་ཁུལ་དུ་བསྐྱལ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་6ཉིན། ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་མྱུར་སྐྱོབ་ལྟེ་གནས་ཀྱིས། ས་ཡོམ་བྱུང་ཁུལ་ཞི་ནུའུ་ཧྲ་ཏེང་ཅ་ལཱ་ཞིང་ཆེན་ལུང་མུའུ་གླིང་ཕྲན་ཉེ་འགྲམ་དུ་ལུས་པའི་ཡུལ་སྐོར་བ་3034བདེ་འཇགས་ས་ཁུལ་དུ་བསྐྱལ་ཡོད་པར་བཤད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཉིན་དེར་ཏེང་པ་སཱར་སྡོད་པའི་སྤྱི་ཁྱབ་གཞུང་ཚབ་ཁང་ནས་ཤེས་རྟོགས་བྱུང་གསལ། ཀྲུང་གོའི་ཡུལ་སྐོར་བ་39བདེ་འཇགས་ངང་ཕྱིར་བསྐྱལ་འདུག
         ཧིན་རྡུ་ཉི་ཞི་ཡའི་གནོད་འགོག་སྡེ་ཁག་གི་གཏམ་བཤད་པ་སུའུ་ཐོའོ་པའོ་ཡིས་ཚེས་6ཉིན་གྱི་ཕྱི་དྲོར་སྤྱི་ཚོགས་སྨྱན་ལམ་ཐོག་ནས་བསྒྲགས་དོན། ཚེས་5ཉིན་བྱུང་བའི་ས་ཡོམ་གྱིས་ལུང་མུའུ་གླིང་ཕྲན་དུ་མི་98རྐྱེན་ལམ་དུ་ཤོར་བ་དང་། མི་236ལ་རྨས་སྐྱོན་ཕོག་ཅིང་། ཁང་པ་སྟོང་ཕྲག་མང་པོར་གནོད་པ་ཐེབས་ཡོད་ལ། མི་ཚོགས་སྟོང་ཕྲག་མང་པོ་ཛ་དྲག་ངང་ཕྱིར་བྱོལ་བྱས་ཡོད། མྱུར་སྐྱོབ་ལས་ཀ་མུ་མཐུད་དུ་བྱས་པ་དང་བསྟུན། རྨས་སྐྱོན་ཕོག་མཁན་དང་རྒྱུ་ནོར་ལ་གནོད་པ་ཐེབས་པའི་གནས་ཚུལ་ནི་སྔོན་དཔག་བྱས་ན་སྔར་ལས་མང་དུ་འགྲོ་རྒྱུ་རེད།
    ༄༅།།ཧིན་རྡུ་ཉི་ཞི་ཡས་ནུས་ཤུགས་ཡོད་ཚད་བཏོན་ནས་ས་ཡོམ་བྱུང་ཁུལ་གྱི་ཡུལ་སྐོར་བ་གནས་
སྤོས་པ་དང་། ཀྲུང་གོའི་ཡུལ་སྐོར་བ་39བདེ་འཇགས་ས་ཁུལ་དུ་བསྐྱལ།
      

    ཕྱོགས་བསྡུས་གསར་འགྱུར།