འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་སྤྱི་ཚོགས་འགན་བཅོལ་ལེན་པའི་ཐོབ་ཐང་གཅིག་སྡུད་ངོས་འཛིན་ཁས་ལེན་
    ཕྱོགས་ཡོངས་ནས་མེད་པར་བཟོས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་22ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་འགན་བཅོལ་ཞབས་ཞུ་ཅུས་ཀྱིས་མི་སྤྱི་པུའུ་གཞུང་དོན་ཐིང་གི《སྤྱི་ཚོགས་འགན་བཅོལ་ལེན་པའི་ཐོབ་ཐང་གཅིག་སྡུད་ངོས་འཛིན་ཁས་ལེན་ཕྱོགས་ཡོངས་ནས་མེད་པར་བཟོ་དགོས་པའི》བརྡ་ཐོ་བརྒྱུད་སྤེལ་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ཀྱི་དགོངས་དོན་དང“དྲ་སྦྲེལ་+སྲིད་དོན་ཞབས་ཞུའི”བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཞབས་འདེགས་ཞུ་སྟངས་གསར་གཏོད། སྤྱི་ཚོགས་འགན་བཅོལ་ཞབས་ཞུ་སྟབས་བདེ་ཅན་དང་མི་གཙོ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཆ་འཕྲིན་ཞིབ་བསྡུར་གཙོ་བོར་བྱེད་པ་དང་། ལས་འཁྱུར་མི་སྣའི་སྤྱི་ཚོགས་ཅན་གྱི་ཞབས་ཞུ་དང་རྒྱང་རིང་ཁས་ལེན་ཞབས་ཞུ་ཟུང་འབྲེལ་གྱི་ཁས་ལེན་ཞབས་འདེགས་བྱ་ཐབས་གཏོད་པ། ཐོབ་ཐང་གཅིག་སྡུད་ངོས་འཛིན་ཁས་ལེན་གྱི་གོ་རིམ་མེད་པར་བཟོ་བ་བཅས་བྱས་ནས“གྲངས་གཞི་བེད་སྤྱོད་མང་ཙམ་བྱེད་པ་དང་། མང་ཚོགས་ཕར་འགྲོ་ཚུར་འོང་ཉུང་བ”དངོས་འབྲེལ་ཐུབ་པ་བྱ་རྒྱུ་རེད།
         ཤེས་རྟོགས་བྱུང་གསལ། གཅིག་སྡུད་ངོས་འཛིན་ཁས་ལེན་བྱ་ཐབས་ཕྱོགས་ཡོངས་ནས་མེད་པར་བཟོ་ཆེད། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་འགན་བཅོལ་གཉེར་མཁན་སྒྲིག་གཞིས་སྤྱི་ཚོགས་འགན་སྲུང་གཱ་ཡི་ཆ་འཕྲིན་གྱི་ནུས་པ་གསར་སྤེལ་གང་ལེགས་བྱས་ནས་ཁེ་ལས་ཀྱི་ལས་འཁྱུར་མི་སྣ་ཁྲི་8.9དང་། ཐོབ་ཐང་ལོངས་སྤྱོད་བྱེད་མཁན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཁྲི་9.1ལ་ངོས་འཛིན་ཁས་ལེན་བྱ་ཐབས་བཟོས་པ་རེད། དེ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གི་གཞུང་ཕྱོགས་དྲ་བའི་ལས་སྒྲུབ་ཚོམས་ཆེན་གྱི་《མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་འགན་བཅོལ་ལེན་པའི་ཐོབ་ཐང་ཁས་ལེན་མ་ལག་》ཤར་གཏོང་བྱས་པ་དང་འབྲེལ། ལག་ཐོགས་ཁ་པར་གྱི་APPསྤྱད་དེ་རྒྱང་རིང་ངོས་འཛིན་ཁས་ལེན་གྱི་མཐའ་མའི་ཚོད་ལྟའི་ལས་དོན་སྤེལ་ཏེ་ཞབས་འདེགས་ཞུ་ཡུལ་དང་ལྷག་དོན་དུ་རྒྱ་ཆེའི་ས་ཆ་གཞན་དུ་གནས་སྡོད་བྱེད་མཁན་མི་སྣས་དྲ་སྦྲེལ་སྤྱད་དེ་ཕྱིར་སྐྱོད་མི་དགོས་པར་ངོས་འཛིན་ཁས་ལེན་བྱེད་པར་སྟབས་བདེ་བསྐྲུན་ཡོད།
        གོམ་སྟབས་རྗེས་མར། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་སྤྱི་བདེ་དང་། དམངས་སྲིད། འཕྲོད་བསྟེན་བདེ་ཐང་། འགྲིམ་འགྲུལ། ཡུལ་སྐོར་སོགས་སྡེ་ཚན་དང་མཉམ་དུ་ལས་སྒོ་མཉམ་སྒྲུབ་བྱས་ཏེ་མི་འབོར་དོ་དམ་དང་། པུར་འཇུག་དུར་སྐྱེལ། སྨན་བཅོས། གནམ་གྲུ་དང་མྱུར་བགྲོད་མེ་འཁོར་ལ་སྡོད་པ་སོགས་སུ་ངོས་འཛིན་ཁས་ལེན་བྱ་ཡུལ་ལ་མིང་ངོ་མ་འགོད་པའི་ཞིབ་བཤེར་ར་སྤྲོད་བྱེད་སྐབས་ཆ་འཕྲིན་མཉམ་སྤྱོད་བྱེད་པ་དང་། ཐབས་ལམ་མང་པོས་འགན་བཅོལ་ལ་ཞུགས་མཁན་མི་སྣའི་ཐོབ་ཐང་གནད་སྨིན་དཔྱད་ཞིབ་བྱས་ནས་ཞབས་འདེགས་ཞུ་ཡུལ་ཕར་འགྲོ་ཚུར་འོང་བྱེད་མི་དགོས་པར་ངོས་འཛིན་ཁས་ལེན་ལས་དོན་སྒྲུབ་ཐུབ་པ་དང་། ཞབས་འདེགས་ཞུ་ཡུལ་གྱིས་སྤྱི་ཚོགས་འགན་བཅོལ་ཞབས་འདེགས་ལ་བློས་འགེལ་བ་དང་། བློ་བདེ་བ། སེམས་སྐྱིད་པོ་བཅས་ཡོང་བ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།