འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་280པེ་ཅིང་དུ་བསྐྱོད་དེ་འགན་སྒྲུབ་
    སློབ་སྦྱོང་ལ་ཞུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་22ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་19ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མིའི་སློབ་སྦྱོང་འཛིན་གྲྭ་དུས་ཐེངས་གཉིས་པ་ཚེས་19ཉིན་པེ་ཅིང་དུ་མཇུག་འགྲིལ་བ་རེད། ཉིན་གསུམ་གྱི་སློབ་སྦྱོང་བྱེད་རིང་ཐེན་ཅིན་དང་། ཧྲན་ཤིས། ལེའོ་ཉིང་སོགས་ཀྱི་བདམས་ཐོན་ཚན་པ་19ཡི་གསར་དུ་བསྐོ་གཞག་བྱས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་262དང་རྒྱུན་མཐུད་ལས་འཁུར་བྱེད་པའི་འཐུས་མི་18ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་འགན་སྒྲུབ་འཇོན་ཐང་དང་ཆུ་ཚད་སྔར་བས་མཐོ་རུ་བཏང་བ་དང་། རང་འགན་གཙང་སྒྲུབ་བྱ་ཆེད་ཤེས་བྱ་ཕུན་སུམ་ཚོགས་སུ་བཏང་བ་རེད།
         དུས་ཐེངས་འདིའི་སློབ་སྦྱོང་འཛིན་གྲྭར་མི་དམངས་འཐུས་མིའི་འགན་སྒྲུབ་ཀྱི་དོན་དངོས་ལ་གཞིགས་ནས་ནང་དོན་ཕུན་སུམ་ཚོགས་པ་དང་། རྣམ་པ་སྣ་ཚོགས། ཉིན་རེའི་ལས་རིམ་མང་བ་བཅས་ཡོད། སློབ་སྦྱོང་གི་ནང་དོན་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་ཀྱི་རང་ཁྱིམ་རང་བདག་གི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རང་རྒྱལ་གྱི་རྩ་ཁྲིམས་ཀྱི་ལམ་ལུགས་དང་རང་རྒྱལ་གྱི་ནོར་སྲིད་ལམ་ལུཌ་དང་ནོར་སྲིད་སྔོན་རྩིས་སྙན་ཞུ་ཞིབ་བཤེར་སོགས་ཚུད་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲོའུ་ཆང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ཀྲང་ཅུན་གྱིས་སོ་སོར་རང་རྒྱལ་གྱི་འདྲི་གཅོད་ལམ་ལུགས་དང་། འདྲི་གཅོད་ལས་དོན། ཞིབ་དཔྱོད་ལམ་ལུཌ། ཞིབ་དཔྱོད་ལས་དོན་བཅས་ཀྱི་ཆེད་དོན་སྙན་ཞུ་ཕུལ་བ་རེད། སློབ་སྦྱོང་འཛིན་གྲྭར་ད་དུང་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་དང་། ཚོགས་ཆེན་གྱི་སྤེལ་རེས། མཉམ་འགུལ་སློབ་ཁྲིད་བཅས་བཀོད་སྒྲིག་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།