འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་སོགས་ཞིང་ཆེན་དང་གྲོང་ཁྱེར་དྲུག་གིས་སྒོར་དུང་ཕྱུར་11ལྷག་ཙམ་བཏང་ནས་
    མཚོ་སྔོན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་22ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། སླད་ཕྱིན་གྱི་ལོ་གསུམ་རིང་པེ་ཅིང་དང་། ཀྲེ་ཅང་། ཅང་སུའུ། ཧྲང་ཧའེ། ཧྲན་ཏུང་། ཐེན་ཅིན་བཅས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དྲུག་གིས་དེ་སྔའི་འཆར་གཞིའི་རྨང་གཞིའི་ཐོག་སྒོར་དུང་ཕྱུར་11.04བཏང་ནས་མཚོ་སྔོན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་དབུལ་སྒྲོལ་ཐུབ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
          གསར་འགོད་པས་ཚེས་12ཉིན། འཚོགས་པའི་མཚོ་སྔོན་ཞིང་ཆེན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། མཚོ་སྔོན་ཞིང་ཆེན“ཁུལ་གསུམ་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་དུ་གནས་པ་དང་ཁྱོན་ཤིན་ཏུ་དབུལ་བའི་རྫོང་དབུལ་པོ་15དང་ཤིན་ཏུ་དབུལ་བའི་མི་འབོར་ཁྲི་24.1ཡོད་པ་མ་ཟད། དབུལ་པོའི་གཞི་ཁྱོན་ཡང་ཆེ་ཙམ་ཡོད། འདི་ལོའི་ལོ་འགོ་ནས་བཟུང་པེ་ཅིང་སོགས་ཞིང་ཆེན་དང་གྲོང་ཁྱེར་6གིས་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་མཐུད་ལས་དོན་ཐད་གྲོས་བསྡུར་ཡང་ཡང་བྱས་པ་བརྒྱུད། མཐར་དེ་སྔ་ལོ་གསུམ་རིང་མཚོ་སྔོན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་ལ་དངུལ་སྒོར་དུང་ཕྱུར་53.95བཏང་བའི་རྨང་གཞིའི་ཐོག་སླར་ཡང་ཁ་གཏད་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་11.04གཏོང་རྒྱུ་ཡིན་པ་དེ་དག་རིགས་ཆེ་གྲས་བདུན་གྱི་རྣམ་གྲངས་120ལ་གཏོང་རྒྱུ་ཡིན་པ་རེད།
          མཚོ་སྔོན་ཞིང་ཨུད་ཀྱི་རྒྱུན་ཨུ་ཧྲེང་ཀྲང་གཞོན་པ་ཡན་ཅིན་ཧའེ་ཡིས་རྒྱལ་ཁབ་ཀྱིས་མཚོ་སྔོན་བོད་རིགས་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྤེལ་ནས་ད་བར་པེ་ཅིང་སོགས་ཞིང་ཆེན་དང་གྲོང་ཁྱེར་དྲུག་གིས་རིམ་རྩིས་བྱས་ན་འབྲེལ་ཡོད་མ་དངུལ་སྒོར་དུང་ཕྱུར་100བཏང་ནས་རྣམ་གྲངས་1626ལག་བསྟར་བྱས་པ་དང་འབྲེལ་མཚོ་སྐྱོར་ལས་བྱེད་པ་552བཏང་བར་བརྟེན་མཚོ་སྔོན་ཞིང་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་གོམ་སྟབས་མགྱོགས་སུ་ཕྱིན་པས་མཚོ་སྔོན་གྱིས་རྟག་ཏུ་བཀའ་དྲིན་ཚོར་བ་དང་རོགས་སྐྱོར་ལ་ཐུགས་རྗེ་ཆེ་ཞུ་བའི་སེམས་པ་འཆང་བཞིན་ཡོད་ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།