འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།“ངའི་དེབ་ཁང་·ངའི་ཕུགས་འདུན”གྱི་ཞིང་པའི་དཔེ་དེབ་ཁང་གི་བརྗོད་དོན་གཙོ་
    བོའི་འགྲེམས་སྟོན་ལས་ལོ་བཅུ་ཡི་ཞིང་པའི་དཔེ་དེབ་ཁང་བསྐྲུན་པའི་གྲུབ་འབྲས་མངོན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་22ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་19ཉིན། “ངའི་དེབ་ཁང་·ངའི་ཕུགས་འདུན”གྱི་ཞིང་པའི་དཔེ་དེབ་ཁང་གི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་གྱི་ཧྲེན་ཀྲེན་ཏུ་འགོ་ཚུགས་པའི་རྒྱལ་ཡོངས་ཀྱི་དཔེ་དེབ་ཉོ་ཚོང་དངོས་མང་སྟོན་ཚོགས་སྐབས་28པའི་ཐོག་ལོ་བཅུ་ལྷག་ཙམ་རིང་གི་ཞིང་པའི་དཔེ་དེབ་ཁང་བསྐྲུན་པའི་གྲུབ་འབྲས་གཅིག་སྡུད་ཐོག་མངོན་པར་བྱས་པ་རེད།
         ཞིང་པའི་དཔེ་དེབ་ཁང་གི་ལས་གྲྭ་ནི་ཏང་དང་རྒྱལ་ཁབ་ཀྱིས་ལག་བསྟར་བྱས་པའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་གཙོ་གནད་ལས་གྲྭ་ཆེ་གྲས་ལྔའི་གྲས་ཤིག་ཡིན་ཞིང་། 2005ལོར་ཚོད་ལྟ་བྱས་པ་དང་2007ལོར་ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་པ་རེད། ད་ཆ་རང་རྒྱལ་དུ་ཞིང་པའི་དེབ་ཁང་ཁྲི་58.7ཡོད་པ་དང་ལོ་བཅུ་ལྷག་ཙམ་རིང་རྒྱ་ཆེའི་གྲོང་གསེབ་ཏུ་དཔེ་དེབ་དུང་ཕྱུར་11ལས་བརྒལ་བ་སྡེབ་སྐྱེལ་བྱས་ཏེ་ཞིང་པ་དུང་ཕྱུར་6ལྷག་ཙམ་གྱི་དཔེ་དེབ་དང་ཚགས་པར་ལྟ་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་རེད།
         དངོས་མང་སྟོན་ཚོགས་ཀྱི“ངའི་དེབ་ཁང་·ངའི་ཕུགས་འདུན”གྱི་ལོ་ཆུང་བྱིས་པའི་རི་མོའི་འགྲེམས་སྟོན་དང་། གྲོང་གསེབ་ཀྱི་ལོ་ཆུང་བྱིས་པའི་དཔེ་ཀློག་གི་ལག་ལེན་དངོས་ཀྱི་བྱེད་སྒོའི་རྩོམ་བསྡུའི་རྩོམ་ཡིག 2018ལོའི་ཞིང་པའི་དཔེ་དེབ་ཁང་ལ་གཙོ་གནད་འོས་སྦྱོར་བྱས་པའི་དཔེ་དེབ། 2018ལོར་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་ལ་འོས་སྦྱོར་བྱས་པའི་ཕུལ་བྱུང་དཔེ་སྐྲུན་ཐོན་རྫས་རིགས་བརྒྱ་ལྷག་ཙམ་དང་ཞིང་པའི་དཔེ་དེབ་ཁང་གི་དོ་དམ་ལག་དེབ། ཞིང་པའི་དཔེ་དེབ་ཁང་ལ་བཀོད་སྒྲིག་བྱས་པའི་སློབ་དེབ་སོགས་ཁྱད་ལྡན་དཔེ་སྐྲུན་ཐོན་རྫས། རྒྱལ་ཡོངས་ཀྱི་དཔེ་སྟོན་ཞིང་པའི་དཔེ་དེབ་ཁང་དང་ཕུལ་བྱུང་ཞིང་པའི་དཔེ་དེབ་ཁང་གི་དོ་དམ་པའི་པར་རིས་གྱང་སོགས་ཀྱིས་མི་མང་པོའི་ཡིད་དབང་བཀུག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།