འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས“སྒོར་ཟུར་ལྔའི་ཟས་རིགས”ལ་ཆེད་དོན་བཅོས་སྒྲིག་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་22ཉིན། 11:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྲན་བཟོས་ཐོན་རྫས་དང་། བསྡུས་སྦྱོར་ཟས་རིགས། ཤ་བཟོས་ཐོན་རྫས། སྦོས་བཟོས་ཟས་རིགས། མངར་ཆའི་རིགས། བཏུང་བྱ་ལ་སོགས་ཟས་རིགས་ཙག་ཙིག་དེ་དག་སྐོར་གླེང་སྐབས་ཁྱིམ་དུ་ཕྲུ་གུ་ཡོད་པའི་མི་ཚོར་སྤྱིར་ན་རྒྱུས་མངའ་ཆེན་པོ་ཡོད་ངེས། རིན་གོང་ཁེ་བ་དང་། བྲོ་བ་དམིགས་བསལ། ཚོས་མདོག་སྙིང་རྗེ་བ་བཅས་ཡོད་པར་བརྟེན། གཞོན་ནུ་ལོ་ཆུང་དང་བྱིས་པས་དགའ་པོ་བྱེད་ཀྱི་ཡོད། འོན་ཀྱང“སྒོར་ཟུར་ལྔའི་ཟས་རིགས”དེ་རིགས་ཞག་ཚིལ་མང་བ་དང་། མངར་ཆ་མང་བ། ཚྭ་ཁུའམ་ཡང་ན་མངར་རྒྱུའི་སྦྱོར་རྟ་དང་རུལ་འགོག་སྦྱོར་རྟ་ཚད་ལས་བརྒོལ་བའི་གནད་དོན་ཡོད་པས། གཟུགས་གཞི་བདེ་ཐང་ལ་གནོད་འཚེ་ཆེན་པོ་ཡོད། ཟླ་5པའི་ཟླ་འགོར་བོད་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་ཅུས་ཀྱིས་རྒྱལ་ཁབ་ཁྲོམ་ར་སྤྱི་ཁྱབ་ཅུས་ཀྱི་བཀོད་སྒྲིག་ལྟར་བོད་ཀྱི་ཁྱབ་ཁོངས་ནང་གི་སློབ་གྲྭ་དང་མཐའ་འཁོར་གྱི“སྒོར་ཟུར་ལྔའི་ཟས་རིགས”ལ་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ་རེད། ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲོག་བྱ་སྤྱོད་དེར་བོད་ཀྱི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱིས་དུས་ཚོད་ཡོལ་བ་དང་། “མེད་པ་གསུམ” རུལ་བ་དང་ངོ་བོ་གྱུར་པ་སོགས་ཀྱི་གནད་དོན་ཡོད་པའི་ཟས་རིགས་ཁྱོན་117གཞུང་བཞེས་བཏང་བར་རིན་ཐང་སྒོར་7264.5ཟིན་པ་དང་། དག་ཐེར་བྱེད་རྒྱུའི་བརྡ་ཐོ་ཐེངས་77བཏང་བ་རེད།
         ཟླ་5པའི་ཟླ་འགོར་བོད་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་ཅུས་ཀྱིས་གྲོང་ཁྱེར(ས་ཁུལ)ཁག་གི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་ཅུས་ལ་ཆེད་དོན་བརྡ་ཐོ་བཏང་ནས། ས་ཆ་ཁག་གིས“རྒྱུགས་ལེན་གསུམ”རིང་སློབ་གྲྭ་དང་མཐའ་འཁོར་གྱི་ཟས་རིགས་བདེ་འཇགས་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་གོ་སྐབས་སུ་བྱས་ནས།“སྒོར་ཟུར་ལྔའི་ཟས་རིགས”གཙོ་གནད་བཅོས་སྒྲིག་བྱ་ཡུལ་དུ་བརྩི་བ་དང་། “སློབ་གླིང་དང་ཉེ་འཁོར་གྱི་ཚོང་དུད་ཁག”གཙོ་གནད་དུ་བྱས་པའི་བཅོས་སྒྲིག་བྱ་སྤྱོད་སྤེལ་རྒྱུའི་བླང་བྱ་བཏོན་པ་རེད།
         “ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲིག་ནང་སློབ་གྲྭ་ཁག་དང་དེའི་ཉེ་འཁོར་གྱི་བརྒྱ་ཟོག་ཚོང་ཁང་དང་། ཟ་ཁང་ཆུང་གྲས། ཟས་རིགས་ཙག་ཙིག་ཚོང་ཁང་བཅས་གཙོ་གནད་དུ་བྱེད་པ་དང་དུས་མཚུངས། ང་ཚོས་ས་ཆ་ཁག་ལ་གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མདོ་དང་དེ་བཞིན་ཞིང་འབྲོག་ཁུལ་གྱི་ཟས་རིགས་ཙག་ཙིག་ཚོང་ཁང་ལ་ལྟ་སྐུལ་དོ་དམ་བྱ་རྒྱུའི་བླང་བྱ་བཏོན་ཡོད”ཅེས་བོད་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་གསར་འགོད་པར་བཤད་པ་དང་ཞིབ་བཤེར་བྱེད་རིང་ཟས་རིགས་བདེ་འཇགས་ལྟ་སྐུལ་ཁྲིམས་སྐྱོང་མི་སྣས་གཉེར་སྐྱོང་ཚོང་དུད་དེ་དག་གི་འཁྲོལ་འཛིན་གནས་ཚུལ་དང་། དངོས་ཟོག་ནང་འདྲེན་དང་ཕྱིར་ཚོང་གི་རྩིས་ཐོའི་ལམ་ལུགས་དང་དེ་བཞིན་འབྲེལ་ཡོད་དངོས་ཟོག་མཁོ་འདོན་གྱི་ཐོབ་ཐང་ལག་ཁྱེར་སོགས་གཙོ་བོ་གྲལ་བཤེར་བྱས་པ་རེད། ཞིབ་བཤེར་བྱས་པ་བརྒྱུད་གཉེར་སྐྱོང་ཚོང་དུད་ཟས་རིགས་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཏེ། སློབ་གྲྭ་དང་ཉེ་འཁོར་གྱི་ཟས་རིགས་བདེ་འཇགས་གཉེར་སྐྱོང་གི་སྒྲིག་ལམ་ལེགས་སུ་ཏན་ཏིག་གཏོང་བར་སྐུལ་ལྕག་ཐུབ་རེ་ཡོད་ཅེས་བཤད།
         ཞིབ་བཤེར་བྱེད་རིང་སློབ་གྲྭའི་མཐའ་འཁོར་གྱི་གཉེར་སྐྱོང་ཚོང་དུད་ལ་ནུས་ལྡན་གྱི་《ཟས་རིགས་གཉེར་སྐྱོང་འཁྲོལ་འཛིན་ལག་ཁྱེར་》ཡོད་མེད་དང་། ལས་དོན་མི་སྣར་བདེ་ཐང་དཔང་རྟགས་ཡོད་མེད། ཟས་རིགས་བདེ་འཇགས་དོ་དམ་ལམ་ལུགས་བཟོས་ཚུལ་སོགས་དང་སློབ་གྲྭའི་ཟ་ཁང་གིས་ལག་ཁྱེར་དང་སྤ་སེ་བླངས་ཡོད་མེད། ལྟོ་ཐེངས་ཚང་མར་གཏན་འབེབས་ལྟར་མ་དཔེ་ཉར་ཡོད་མེད། ཟས་རིགས་ཀྱི་རྩིས་ཐོ་བཟོས་ཚུལ། དུག་སེལ་དང་། གྲང་ཉར། གཙང་སྦྲའི་སྒྲིག་བཀོད་དང་སྒྲིག་ཆས་བཅས་རྒྱུན་ལྡན་ལྟར་བེད་སྤྱོད་ཐུབ་ཀྱི་ཡོད་མེད། སྦྲང་བུ་དང་། ཐལ་རྡུལ། བྱི་བ་བཅས་འགོག་པའི་སྒྲིག་ཆས་ཡོད་མེད། ཟ་ཁང་གི་གད་སྙིགས་དང་ཞག་ཚིལ་གཙང་སེལ་བྱས་ཚུལ། ལས་སྣོན་དང་བཀོལ་སྤྱོད་ལས་རིམ་གྱི་འགག་རྩའི་རྣམ་གྲངས་ཚོད་འཛིན་ཐུབ་མིན། ལྷུ་ཚིགས་ཁག་གི་གཙང་སྦྲའི་གནས་ཚུལ་སོགས་གཙོ་གནད་དུ་ཞིབ་བཤེར་བྱས་པ་རེད།
         དག་ཐེར་བྱེད་རྒྱུའི་བརྡ་ཐོ་ཐེངས་77བཏང་བ།
         དུས་མཚུངས་སློབ་གྲྭ་དང་ཉེ་འཁོར་གྱི་བརྒྱ་ཟོག་ཚོང་ཁང་དང་ཟས་རིགས་ཙག་ཙིག་ཚོང་ཁང་གི་ཚད་མ་ལོན་པའི་ཟས་རིགས་དང་། དུས་ཚོད་ཡོལ་བའི་ཟས་རིགས། “མེད་པ་གསུམ”གྱི་ཟས་རིགས་བཅས་དང་། རྫུས་མ་དང་འདྲ་བཟོས་ཀྱི་ཟས་རིགས་སོགས་ཕྱིར་ཚོང་བྱེད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་གཙོ་གནད་རྡུང་རྡེག་བཏང་བ་རེད། ཞིབ་བཤེར་བྱེད་རིང་ས་གནས་ས་ཐོག་གི་ལྟ་སྐུལ་ཁྲིམས་སྐྱོང་མི་སྣས་ལག་ཁྱེར་མེད་པར་གཉེར་སྐྱོང་བྱེད་མཁན་བཀག་འགོག་བྱས་པ་རེད། 《ཟས་རིགས་བདེ་འཇགས་བཅའ་ཁྲིམས་》ཀྱི་ཟས་རིགས་སིལ་མའི་གཏན་འབེབས་སྐོར་ལས་འགལ་བའི་ཁྲིམས་འགལ་ཕྱིར་ཚོང་བྱེད་སྤྱོད་ལ་མཐའ་གཅིག་ཏུ་རྡུང་རྡེག་བཏང་བ་རེད།
        “སྒོར་ཟུར་ལྔའི་ཟས་རིགས”དབྱེ་འབྱེད་བྱེད་པ་དང་དེའི་ཉེན་ཁར་དམིགས་ནས་ས་ཆ་ཁག་གི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཀྱང་སློབ་གྲྭ་དང་སློབ་ཚན་ཐོག་དྲིལ་བསྒྲགས་བྱེད་པ་སོགས་ཀྱི་བྱེད་སྟངས་སྣ་ཚོགས་སྤྱད་དེ། དགེ་སློབ་དང་། ཁྱིམ་བདག ཉེ་འཁོར་གྱི་ཟས་རིགས་གཉེར་སྐྱོང་ཚོང་དུད་བཅས་ལ“སྒོར་ཟུར་ལྔའི་ཟས་རིགས”ཐོན་སྐྱེད་ལས་སྣོན་གྱི་ལས་རིམ་དང་འཕྲོད་བསྟེན་ཚད་ལོན་པའི་ཆ་རྐྱེན་དང་། སྦྱོར་རྟ་ཚད་ལས་བརྒལ་བ་དང་ཁྱབ་ཁོངས་ལས་བརྒལ་བའི་སྒོ་ནས་སྦྱོར་རྟ་བྱས་པའི་ཉེན་ཁ། ཡུན་རིང་ཟས་རིགས་དེ་རིགས་བཟས་ཚེ་བདེ་ཐང་ལ་ཉེན་ཁ་ཆེན་པོ་བཟོ་བ་སོགས་འགྲེལ་བཤད་བརྒྱབ་སྟེ་རྒྱ་ཆེའི་དགེ་སློབ་ཚོར་བདེ་འཇགས་ལྡན་པའི་སྒོ་ནས་འཛད་སྤྱོད་ཀྱི་འདུ་ཤེས་དང་ནུས་པ་ཆེ་རུ་བཏང་བ་དང་། ཁྱིམ་བདག་དང་སྤྱི་ཚོགས་ཀྱི་སྤྱི་དམངས་ལ“མེད་པ་གསུམ”གྱི་ཐོན་རྫས་དང་དེ་ཕྱིར་ཚོང་བྱེད་མཁན་ཞུ་གཏུག་དང་ཐེར་འདོན་གོང་ཞུ་བྱེད་དགོས་པའི་བསྔགས་སྐུལ་ཡང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།