འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་
    《རྒྱལ་ཁྲལ་དང་ས་ཁྲལ་བསྡུ་ལེན་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ཇུས་གཞི་》བཀྲམ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་22ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《རྒྱལ་ཁྲལ་དང་ས་ཁྲལ་བསྡུ་ལེན་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ཇུས་གཞི་》(གཤམ་དུ《སྒྱུར་བཅོས་ཇུས་གཞི་》ཞེས་བསྡུ་རྒྱུ)བཀྲམ་པ་རེད། རྒྱལ་ཁྲལ་དང་ས་ཁྲལ་བསྡུ་ལེན་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་ལ་དམིགས་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད། 《སྒྱུར་བཅོས་ཇུས་གཞི》ཡིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཡོད་པས། རྒྱལ་ཁྲལ་དང་ས་ཁྲལ་བསྡུ་ལེན་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་བརྟན་ལ་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་གཏོང་བར་འགན་ལེན་བྱེད་པའི་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་ཞིག་རེད།
         《སྒྱུར་བཅོས་ཇུས་གཞི་》ཡི་ནང་རྒྱལ་ཁྲལ་དང་ས་ཁྲལ་བསྡུ་ལེན་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་མཛུབ་ཁྲིད་བསམ་བློ་དང་། གཞི་རྩའི་རྩ་དོན། དམིགས་ཚད་གཙོ་བོ་བཅས་ཁ་གསལ་བཟོས་ཡོད་པ་དང་། སྒྱུར་བཅོས་ཀྱི་ལས་འགན་གཙོ་བོ་དང་། ལག་བསྟར་གོ་རིམ། འགན་ལེན་བྱ་ཐབས་བཅས་བཏོན་པ་མ་ཟད་སྒྲིག་འཛུགས་ལག་བསྟར་ལ་དམ་འཛིན་ཡག་པོ་བྱ་རྒྱུའི་ཐད་ལས་ཀའི་བླང་བྱའང་བཏོན་ཡོད།
         《སྒྱུར་བཅོས་ཇུས་གཞི་》ཡི་ནང་སྒྱུར་བཅོས་བྱས་པ་བརྒྱུད་ལེགས་འགྱུར་དང་། ནུས་ཆེ། གཅིག་གྱུར་བཅས་ཀྱི་ཁྲལ་འབབ་བསྡུ་གཉེར་མ་ལག་ཅིག་རིམ་བཞིན་བསྐྲུན་ནས་ཁྲལ་འཇལ་བ་དང་དངུལ་སྤྲོད་མཁན་ལ་དེ་བས་སྤུས་ལེགས་དང། ནུས་ཆེ། སྟབས་བདེ་བཅས་ཀྱི་ཞབས་འདེགས་ཞུ་བ་དང་། དཔྱ་ཁྲལ་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་ཚད་དང་སྤྱི་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་བ། བསྡུ་གཉེར་ལས་ཕྱོད་མཐོ་རུ་གཏོང་བ། བསྡུ་འཇལ་མ་གནས་དམའ་རུ་གཏོང་བ། ཁྲལ་གྲོན་བཅོས་སྐྱོང་འཇོན་ཐང་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས་ཁྲལ་འབབ་ཀྱི་འགན་ནུས་གང་ལེགས་བཏོན་ཏེ་རྒྱལ་ཁབ་བཅོས་སྐྱོང་གི་རྨང་གཞི་གལ་ཆེན་བརྟན་དུ་གཏོང་དགོས་པའི་ནན་བཤད་བྱས་ཡོད།
         《སྒྱུར་བཅོས་ཇུས་གཞི་》ཡི་ནང་སྔོན་འཛུགས་རྗེས་གཏོར་དང་མ་བཙུགས་མ་གཏོར་གྱི་བླང་བྱ་གཞིར་བཟུང་། གཅིག་གྱུར་འགོ་ཁྲིད་དང་། རིམ་དབྱེ་དོ་དམ། སྤྱི་ཡོངས་འཆར་འགོད། ཁག་དབྱེ་ལག་བསྟར་བཅས་མཐའ་འཁྱོངས་ཀྱིས་སྔོན་ལ་མིང་སྦྱར་དང་དེ་རྗེས“གཏན་འཁེལ་གསུམ”གྱི་གཏན་འབེབས་དོན་འཁྱོལ་བྱས་ཏེ་གཙོ་གནད་ལས་དོན་ཁག་རེ་རེ་བཞིན་དང་དུས་ཚོད་ཀྱི་མཚམས་ཚིགས་རིམ་པ་བཞིན་དོན་འཁྱོལ་ཡག་པོ་བྱས་ནས་2018ལོའི་ལོ་མཇུག་གོང་སྒྱུར་བཅོས་ལས་འགན་ཁག་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བཏོན་ཡོད།
         《སྒྱུར་བཅོས་ཇུས་གཞི་》ཡི་ནང་ཁྲལ་དོན་ཁོངས་གཏོགས་ཀྱི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཏང་གིས་ཁྲལ་འབབ་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པའི་ལམ་ལུགས་ཀྱི་བཀོད་སྒྲིག་འཐུས་སྒོ་ཚང་དུ་བཏང་ནས་ཁྲལ་དོན་ཁོངས་གཏོགས་ཀྱི་ཏང་གི་འགོ་ཁྲིད་སྔར་བས་བློ་བརྟན་འགྱུར་མེད་དང་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།