འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཧེ་ལུང་ཅང་གིས་མ་དངུལ་སྒོར་དུང་ཕྱུར་19.74བཏང་ནས་གྲོང་གསེབ་ཀྱི་འཐུང་
    ཆུའི་བདེ་འཇགས་གོང་མཐོར་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་22ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་19ཉིན་གསར་འགོད་པར་ཧེ་ལུང་ཅང་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཞིང་ཆེན་དེས་མ་དངུལ་སྒོར་དུང་ཕྱུར་19.74བཏང་ནས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་གོང་མཐོར་གཏོང་བའི་ལས་གྲྭ་འཛུགས་སྐྲུན་ལ་སྤྱད་པ་དེ་གྲོང་ཚོ་4596ལ་ཁྱབ་པ་དང་ཕན་པ་ཐོབ་མཁན་མི་གྲངས་ཁྲི་262.83ཟིན་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། སྤུས་འབོར་གཉིས་ལྡན་དང་དུས་བཀག་ལྟར་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་ཡོང་ཆེད། ཞིང་ཆེན་ཆུ་བེད་ཐིང་གིས་ན་ནིང་ལོ་མཇུག་ཏུ་དུས་འགོའི་ལས་དོན་སྔ་སྣུར་དུ་སྤེལ་བ་རེད། ཟླ་དྲུག་པའི་ཟླ་མཇུག་བར་རྫོང་དང་གྲོང་ཁྱེར་33གྱིས་སུས་འཇོན་དེ་འགུགས་ཀྱི་ལས་དོན་སྤེལ་ཟིན་པའམ་ཡང་ན་སྤེལ་བཞིན་ཡོད་པ་དང་དབྱི་ཨན་དང་སུའེ་ལིང་སོགས་རྫོང(གྲོང་ཁྱེར་དང་ཆུས)22ཀྱིས་ལོ་འཁོར་གྱི་ལས་གྲྭ་འཛུགས་སྐྲུན་སྔ་སྣུར་དུ་ལེགས་སྒྲུབ་ཟིན་པ་དང་རིམ་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར་3.72བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།