འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཞུང་ཨན་ཁུལ་གསར་དུ་ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་ཚོགས་པ་མ་རྩ་ཚད་ཡོད་ཀུང་སིའི་སྒོ་
    བྱང་ཕྱེ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་22ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་18ཉིན། ཞུང་ཨན་ཁུལ་གསར་དུ་ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་ཚོགས་པ་མ་རྩ་ཚད་ཡོད་ཀུང་སིའི་སྒོ་བྱང་ཕྱེ་བ་དང་ཀུང་སི་དེ་ཞུང་ཨན་ཁུལ་གསར་དུ་གཞིས་ཆགས་པའི་ཀྲུང་དབྱང་ཁེ་ལས་ཀྱི་མ་འཇོག་གཉེར་སྐྱོང་ལས་སྟེགས་དང་པོ་དེར་གྱུར་པ་རེད།
         ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་ཚོགས་པ་མ་རྩ་ཚད་ཡོད་ཀུང་སི་ནི་ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་ཀུང་སིས་གསར་དར་ཐོན་ལས་ལ་མ་དངུལ་གཏོང་བའི་ལས་སྟེགས་ཤིག་ཡིན་པས་གཙོ་བོ་ནུས་རྒྱུ་གསར་པ་དང་། རྒྱུ་ཆ་གསར་པ། ནུས་རྒྱུ་བསྲི་ཚགས། ཁོར་ཡུག་སྲུང་སྐྱོང་། དེ་བཞིན་རིག་ནུས་བཟོ་སྐྲུན་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་མ་དངུལ་བཏང་ནས་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་100ཟིན་ཡོད་པ་རེད། ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཏའེ་ཧོའུ་ལེང་གིས་ཉེ་ཆར། ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་ཀུང་སིས་ཧོ་པེ་ཞུང་ཨན་ཁུལ་གསར་འཛུགས་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་འགངས་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། ཁེ་ལས་ཀྱི་འབྱུང་འགྱུར་འཕེལ་རྒྱས་དང་ཁུལ་གསར་གྱི་འབྱུང་འགྱུར་འཕེལ་རྒྱས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་ཡིན། ཞུང་ཨན་ཁུལ་གསར་དུ་ཐོ་བཀོད་དེ་བཙུགས་པའི་ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་ཚོགས་པ་མ་རྩ་ཚད་ཡོད་ཀུང་སི་དེ་ནི་ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་ཀུང་སིའི་འཛམ་གླིང་གི་ནུས་རྒྱུའི་རྫས་འགྱུར་བཟོ་ལས་ཀུང་སི་རྩེ་གྲའི་སྟོབས་ཤུགས་གཙོ་བོར་སྐྲུན་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།