འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཁ་རེ་ཤེ་ཡའི་དབར་གྱི་ཉེན་དོན་མཉམ་འབྲེལ་སྐོར་གཡེང་ཐེངས་དང་པོ་དངོས་སུ་འགོ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་18ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཀྲུང་གོ་དང་ཁ་རེ་ཤེ་ཡའི་དབར་གྱི་ཉེན་དོན་མཉམ་འབྲེལ་སྐོར་གཡེང་ཐེངས་དང་པོ་དངོས་སུ་འགོ་བཙུགས་པ།
           མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དང་ཁ་རེ་ཤེ་ཡ་དབར་གྱི་ཉེན་དོན་མཉམ་འབྲེལ་སྐོར་གཡེང་ཐེངས་དང་པོ་ཚེས་15ཉིན་ཁ་རེ་ཤེ་ཡའི་ལྷོ་རྒྱུད་ཡུལ་སྐོར་གྲོང་ཁྱེར་ཏུའུ་པུ་ལུའོ་ཕུ་ཉི་ཁེར་དངོས་སུ་འགོ་བཙུགས་པ་རེད། ཁ་རེ་ཤེ་ཡ་འདི་ཉིད་དབྱི་ཐ་ལིའི་རྗེས་ཀྱི་ཀྲུང་གོའི་ཉེན་རྟོག་ཕྱོགས་དང་ཉེན་དོན་མཉམ་འབྲེལ་སྐོར་གཡེང་བྱེད་མཁན་རྒྱལ་ཁབ་གཉིས་པར་གྱུར་ཡོད། ད་ཐེངས་ཀྱི་མཉམ་འབྲེལ་སྐོར་གཡེང་བྱེད་ཡུན་ཟླ་བ་གཅིག་ཡིན་པ་དང་ཀྲུང་གོའི་ཉེན་རྟོག་དཔོན་6གིས་ཁ་རེ་ཤེ་ཡའི་ཉེན་རྟོག་པ་དང་མཉམ་དུ་ཏུའུ་པུ་ལུའོ་ཕུ་ཉི་ཁེ་དང་། ས་ཀེ་ལེ་པུ། ཕུ་ལི་ཐེ་ཝེ་ཚེའི་མཚོ་ཚོགས་རྒྱལ་སྤྱིའི་སྤྱི་གླིང་བཅས་ཡུལ་གསུམ་དུ་མཉམ་འབྲེལ་སྐོར་གཡེང་བྱས་ནས་ཁ་རེ་ཤེ་ཡའི་ཉེན་རྟོག་ཕྱོགས་ལ་ཀྲུང་གོའི་ཡུལ་སྐོར་བའི་བདེ་འཇགས་ཀྱི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཏེ་ཀྲུང་གོའི་ཡུལ་སྐོར་བས་ཁ་རེ་ཤེ་ཡའི་ཉེན་རྟོག་པ་དང་འབྲེལ་གཏུག་བྱ་རྒྱུར་སྟབས་བདེ་བསྐྲུན་ཞིང་། གོང་གི་པར་རིས་ནི་ཟླ་7ཚེས་15ཉིན་ཀྲུང་གོ་དང་ཁ་རེ་ཤེ་ཡ་རྒྱལ་ཁབ་གཉིས་པོའི་ཉེན་རྟོག་པས་ཁ་རེ་ཤེ་ཡའི་ཏུའུ་པུ་ལུའོ་ཕུ་ཉི་ཁེའི་གྲོང་ཁུལ་རྙིང་པར་མཉམ་འབྲེལ་སྐོར་གཡེང་བྱེད་པའི་གནས་ཚུལ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།