འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་བདུན་གྱིས་མཉམ་འབྲེལ་ངང་ལྗང་མདོག་
    ཆུ་ཐོག་སྐྱེལ་འདྲེན་གྱི་བྱ་སྤྱོད་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་18ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་འབྲི་ཆུའི་སྐྱེལ་འདྲེན་དོ་དམ་ཅུས་ཀྱིས། སི་ཁྲོན་དང་། ཁྲུང་ཆིང་། ཧུའུ་པེ། ཧུའུ་ནན། ཅང་ཤིས། ཨན་ཧུའེ། ཅང་སུའུ་བཅས་ཞིང་ཆེན(གྲོང་ཁྱེར)བདུན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་གཉེར་སྡེ་ཚན་དང་མཉམ་དུ། ཝུའུ་ཧན་དུ“འབྲི་ཆུའི་སྣོད་བཅུད་སྲུང་སྐྱོང་བྱས་ནས་ལྗང་མདོག་སྐྱེལ་འདྲེན་གོང་འཕེལ་གཏོང་བའི”ཐུན་མོང་བྱ་སྤྱོད་ཀྱི་ཇུས་གཞིར་མིང་རྟགས་བཀོད་པ་རེད། ཇུས་གཞི་དེས་ལྗང་མདོག་བགྲོད་ལམ་དང་། ལྗང་མདོག་གྲུ་ཁ། ལྗང་མདོག་གྲུ་གཟིངས། ལྗང་མདོག་སྐྱེལ་འདྲེན་བཅས་དམ་འཛིན་བྱེད་གཞིར་བྱས་ནས། ལྗང་མདོག་ཆུ་ཐོག་སྐྱེལ་འདྲེན་གོང་འཕེལ་གཏོང་སྟངས་ཆགས་རྒྱུར་སྐུལ་མ་བཏང་སྟེ། འབྲི་ཆུའི་དཔལ་འབྱོར་རྒྱུད་གོང་འཕེལ་གཏོང་རིང་གི་འབྲི་ཆུའི་ཆུ་ལམ་ཡག་ཤོས་ཀྱི་ནུས་པ་གལ་ཆེན་སྔར་བས་འདོན་རྒྱུ་ཡིན་པ་རེད།
            ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ལྗང་མདོག་ཆུ་ཐོག་སྐྱེལ་འདྲེན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད། 2017ལོར་འབྲི་ཆུའི་མ་ལམ་དུ་ཁྲིམས་དང་མི་མཐུན་པའི་གྲུ་ཁ་959བཤིག་ནས་ཆུ་ངོགས་ཀྱི་སྤྱི་ལེ་100ལྷག་གི་ལྗང་མདོག་སླར་གསོ་བྱས་ཡོད། མིག་སྔར་འགག་གསུམ་སྒྲོལ་བའི་གྲུ་གཟིངས་ཀྱིས་སྤྱིར་ན་བཙོག་འབུད་གང་ཡང་བྱེད་ཀྱི་མེད་པ་དང་ས་ཁོངས་གཞན་དག་གི་གྲུ་གཟིངས་88%ལ་སྤྱིར་ན་འཚོ་བའི་བཙོག་ཆུ་གཙང་སེལ་གྱི་སྒྲིག་བཀོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།