འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས་ཝུན་པུར་ཏེང་དྲ་བའི་སྤོ་ལོའི་འགྲན་བསྡུར་ནང་ཁོའོ་པེར་ལ་
    ཨང་དང་པོ་ཐོབ་པར་རྟེན་འབྲེལ་ཞུས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་18ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། འཇར་མན་གྱི་བདམས་ཐོན་པ་ཁོའོ་པེར་ལ་ཚེས་14ཉིན་གཉེར་བའི་2018ལོའི་ཝུན་པུར་ཏེང་དྲ་བའི་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་གྱི་བུད་མེད་ཀྱི་མཐའ་བསྡུར་ནང་ཨ་རིའི་ཝེ་ལེམ་མུའུ་སི་ཆུང་བ་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་ཐོབ་ཡོད། འགྲན་བསྡུར་ཚར་རྗེས་འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས་སྲིད་གཞུང་གི་ཐུའེ་ཐེ་ཐོག“ཁོའོ་པེར་ལ་རྟེན་འབྲེལ་ཞུ། ཁོང་གིས་གཟེངས་སུ་ཐོན་པའི་མངོན་ཚུལ་དང་ཁོང་ལ་ཝུན་པུར་ཏེང་དྲ་བའི་སྤོ་ལོའི་བྱ་དགའ་ཨང་དང་པོ་ཐོབ་པར་ང་རང་ཧ་ཅང་དགའ་པོ་བྱུང”ཞེས་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད།
             གཞན་ཡང་། འཇར་མན་གྱི་ལུས་རྩལ་ལས་རིགས་ཀྱི་མི་སྣ་གྲགས་ཅན་གྱིས་ཀྱང་ཁོའོ་པེར་ལ་བྱ་དགའ་ཨང་དང་པོ་ཐོབ་པར་སྔ་རྗེས་སུ་རྟེན་འབྲེལ་ཞུས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།