འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རིག་གནས་དང་ཡུལ་སྐོར་པུའི་ཟློས་གར་གྱི་ཤེས་ལྡན་པ་གསོ་སྐྱོང་གི"མི་སྟོང་གི་འཆར་གཞིའི"
    དུས་ཐེངས་གསུམ་པའི་འཛིན་གྲྭ་གཉེར་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་18ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་16ཉིན། རིག་གནས་དང་ཡུལ་སྐོར་པུའི་ཟློས་གར་གྱི་ཤེས་ལྡན་པ་གསོ་སྐྱོང་གི“མི་སྟོང་གི་འཆར་གཞིའི”དུས་ཐེངས་གསུམ་པའི་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་ཀྲུང་གོ་ཟློས་གར་སློབ་གླིང་དུ་གཉེར་འགོ་ཚུགས་པ་རེད། རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་བརྒྱ་ཙམ་གྱིས་དུས་ཡུན་ཉིན་28རིང་རྒྱལ་ཡོངས་ས་ཕྱོགས་ཁག་ནས་ཡོང་བའི་སློབ་མ་200ཙམ་ལ་རིགས་པའི་གཞུང་ལུགས་འཆད་ཁྲིད་དང་། གསར་རྩོམ་ཁྲིད་སྟོན། བརྩམས་ཆོས་དཔྱད་འདེམས། བགྲོ་གླེང་ལྟ་སྦྱོང་། ལྟ་སྐོར་སློབ་སྦྱོང་སོགས་རྣམ་པ་སྣ་ཚོགས་ཀྱི་ཆེད་ལས་ཀྱི་སློབ་ཚན་ཁྲིད་པ་རེད།
            ངོ་སྤྲོད་བྱས་པར་གཞིགས་ན། “མི་སྟོང་གི་འཆར་གཞིའི”དམིགས་ཡུལ་ནི་ཟློས་གར་རྒྱུན་འཛིན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆ་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་ཟློས་གར་རྐང་འཛིན་མི་སྣ་ཧ་ཅང་དཀོན་པའི་རྣམ་པར་འགྱུར་ལྡོག་གཏོང་བ་དང་ཟློས་གར་སྒྱུ་རྩལ་གྱི་སྤྱི་ཡོངས་ཀྱི་གསར་རྩོམ་ཆུ་ཚད་མཐོ་རུ་བཏང་སྟེ། ཟློས་གར་གྱི་གསོན་ཤུགས་འཕེལ་བ་དང་། རྒྱུན་འཛིན་ཐུབ་པ། བརྩམས་ཆོས་རྩེ་གྲ་ཐོན་པ། ཟློས་གར་མཁས་ཅན་ཐོན་པ་བཅས་ལ་ཕན་པའི་ཁོར་ཡུག་བཟང་པོ་ཞིག་སྐྱེད་སྲིང་བྱས་ནས་ཟློས་གར་སྒྱུ་རྩལ་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི“མི་སྟོང་གི་འཆར་གཞིའི”མཐོ་རིམ་ཟབ་སྦྱོང་འཛིན་གྲྭར་བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་བསྣན་ཏེ། སློབ་མར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་འཆད་ཁྲིད་བྱས་ནས། སློབ་མའི་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་རྒྱུ་དང་། ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་པོ་སྲུང་རྒྱུ། ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།