འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་སྟོད་དུ་ཧྥུའུ་ཅན་གྱིས་མ་དངུལ་བསྡུ་སྒྲིལ་གྱིས་ལྕགས་ལམ་བསྐྲུན་པའི་ཐད་བཏང་བའི་
    མ་དངུལ་དེ་སྒོར་དུང་ཕྱུར་80ལས་བརྒལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་18ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཧྥུའུ་ཅན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་ཞིང་ཆེན་གཙོ་གནད་གཞུང་དོན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་དྲུག་པའི་བར་ཧྥུའུ་ཅན་དུ་མ་དངུལ་བསྡུ་སྒྲིལ་གྱིས་ལྕགས་ལམ་བསྐྲུན་པར་དངུལ་སྒོར་དུང་ཕྱུར་80.24བཏང་བ་དེས་ལོ་འཁོར་གྱི་འཆར་གཞིའི་33.56%བཟུང་ཡོད་པ་རེད།
            དེའི་ནང་ཧྥུའུ་ཕིང་ལྕགས་ལམ་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་9.64བཏང་བ་དེས་ལོ་འཁོར་གྱི་འཆར་གཞིའི་43.82%བཟུང་ཡོད། ཟླ་6ཚེས་20ཉིན་ཕིང་ཐན་མཚོ་འགག་སྤྱི་པའི་ལྕགས་ལམ་གྱི་ཟམ་ཆེན་བསྐྲུན་ཐུབ་པ་དེ་ཐོག་ནས་རང་རྒྱལ་གྱིས་མཚོ་འགག་སྤྱི་པའི་ལྕགས་ལམ་ཟམ་ཆེན་བསྐྲུན་རྒྱུར་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མཚོན་ཡོད། ནན་སན་ལུང་ལྕགས་ལམ་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་5.44བཏང་བ་དེས་ལོ་འཁོར་གྱི་འཆར་གཞིའི་108.84%བཟུང་བ་དང་། ཟླ་6ཚེས་30ཉིན་ནན་ལུང་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་སྟེ། ལོ་འདིའི་ནང་མེ་འཁོར་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། ཆུས་ཉིང་ལྕགས་ལམ་ཧྥུའུ་ཅན་དུམ་བུར་ཁྱོན་མ་དངུལ་སྒོར་དུང་ཕྱུར་9.19བཏང་བ་དེས་ལོ་འཁོར་གྱི་འཆར་གཞིའི་38.29%བཟུང་བ་དང་། ཟླ་6ཚེས་12ཉིན་ཆུས་ཉིང་ལྕགས་ལམ་ཧྥུའུ་ཅན་དུམ་བུར་ཟམ་སྒྲོམ་བསླངས་ཐུབ་པ་བྱུང་ནས་ཆུས་ཉིང་ལྕགས་ལམ་ཧྥུའུ་ཅན་དུམ་བུར་དངོས་སུ་ལྕགས་ལམ་འདིང་འགོ་ཚུགས་ཡོད། ཧྥུའུ་མའེ་ལྕགས་ལམ(ཅན་ཉིང་ནས་ཀོན་ཀྲའེ་རི་བོའི་བར་གྱི་དུམ་བུ)ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་14.63བཏང་བ་དེས་ལོ་འཁོར་གྱི་འཆར་གཞིའི་50.45%བཟུང་ཡོད། ཤིན་ཆོན་ལྕགས་ལམ(ཧྥུའུ་ཅན་དུམ་བུ)ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་27.51བཏང་བ་དེས་ལོ་འཁོར་གྱི་འཆར་གཞིའི་40.69%བཟུང་ཡོད། ཧྥུའུ་ཞ་ལྕགས་ལམ་འགྲུལ་སྐྱེལ་ལྕགས་ལམ་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་13.83བཏང་བ་དེས་ལོ་འཁོར་གྱི་འཆར་གཞིའི་15.37%བཟུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།