འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ལྟེ་བའི་རིན་ཐང་ལྟ་བའི་གླེང་སྟེགས་བརྒྱ་གྲངས་འདུ་འགོད་ཧོ་ནན་ཧོའེ་དབྱང་དུ་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་18ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་16ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དྲིལ་བསྒྲགས་སློབ་གསོ་ཅུས་དང་འོད་ཟེར་ཉིན་རེའི་ཚགས་པར་ཁང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི“ལྟེ་བའི་རིན་ཐང་ལྟ་བའི་གླེང་སྟེགས་བརྒྱ་གྲངས”འདུ་འགོད་ཀྱི་བྱེད་སྒོ་ཐེངས་བདུན་ཅུ་དོན་བཞི་པ་ཧོ་ནན་ཧོའེ་དབྱང་དུ་སྤེལ་བ་རེད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མར་ཁེ་སི་རིང་ལུགས་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཅིན་མིན་ཆིང་གིས་འགོ་བརྗོད་དུ་《ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་བྱེད་པའི་འབྱུང་ཁུངས་གལ་ཆེན་ཞིག་རེད་》ཅེས་འཁོད་པའི་འཆད་ཁྲིད་བྱས་པ་དང་འབྲེལ། འཆད་ཁྲིད་བྱེད་སར་ཉན་མཁན་དང་དྲ་གྲོགས་དབར་སྤེལ་རེས་ཀྱང་བྱས་པ་རེད། ལས་བྱེད་པ་དང་མང་ཚོགས་680ལྷག་ཙམ་གྱིས་ས་གནས་ས་ཐོག་ཏུ་འཆད་ཁྲིད་ཉན་པ་དང་། རྒྱལ་ཡོངས་ཀྱི་ས་ཕྱོགས་ཁག་གི་དྲ་གྲོགས་ཁྲི་233ཙམ་གྱིས་ལེ་ཚན་བལྟས་པ་དང་སྦྲགས། དྲ་གྲོགས་ཁྲི་28.5ཙམ་གྱིས་དཔོད་ཆུང་དང་གླེང་སྟེགས་སོགས་བརྒྱུད་སྤེལ་རེས་བྱས་པ་རེད།
            ཅིན་མིང་ཆིང་གིས“ཀྲུང་ཧྭ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བར་ས་རྒྱུ་གཤིན་པོ་དང་བྱེད་ཐབས་གལ་ཆེན་མཁོ་འདོན་བྱས་ཡོད”སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་གཏོང་བར་ངེས་པར་དུ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ནུས་པར་མཐོང་ཆེན་བྱེད་པ་དང་ཀྲུང་ཧྭ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནང་འདུས་པའི་བསམ་བློའི་ལྟ་བ་དང་། མི་ཆོས་སྙིང་སྟོབས། ཀུན་སྤྱོད་ཚད་ལྡན་བཅས་སྔོག་འདོན་གང་ལེགས་བྱས་ནས་དུས་རབས་ཀྱི་བླང་བྱ་གཞིར་བཟུང་རྒྱུན་འཛིན་དང་གསར་གཏོད་བྱེད་དགོས་ཞེས་བཤད་པ་རེད།
            ཅིན་མིན་ཆིང་གིས་རིན་ཐང་ལྟ་བའི་ལྟེ་བ་ནི་སྤྲོད་ལེན་ལུགས་མཐུན་ངང་བརྡར་ཤ་གཅོད་པ་དང་། ཐོབ་ཤོར་ཐག་གཅོད་ཡང་དག་བྱ་རྒྱུ་དེ་ཡིན་ཞིང་། དེ་མི་སྒེར་དང་སྤྱི་ཚོགས་དང་། མི་སྒེར་དང་གཞན། རང་ཡུལ་དང་གཞན་ཡུལ་སོགས་དང་འབྲེལ་བ་ཡོད། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ནང་ནང་དོན་དེ་དག་ཕུན་སུམ་ཚོགས་པོ་སོར་འཇོག་བྱས་ཡོད་པ་རེད། མི་སྒེར་དང་སྤྱི་ཚོགས་དབར་གྱི་འབྲེལ་བའི་ཐོག་ནས་བརྗོད་ན། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱིས་རང་ངོས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུ་རྨང་གཞིར་བྱེད་པ་དང་། རྒྱལ་ཁབ་ལ་ལྷག་བསམ་རྣམ་དག་བྱེད་རྒྱུ་རྩ་བར་འཛིན་པ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་བློ་ཁ་ཕྱོགས་སར་བྱེད་པ་བཅས་བྱེད་ཀྱི་ཡོད། དེས་ན་དེའི་རིན་ཐང་ལྟ་བའི་ཕྱོགས་ས་ནི་མཉམ་སྡེབ་རིང་ལུགས་ཀྱི་རྨང་གཞིའི་ཐོག་བཙུགས་པ་ཞིག་ཡིན་པ་ལས་སྒེར་གྱི་ཁེ་ཕན་གྱི་རང་དོན་རིང་ལུགས་དོན་གཉེར་བྱས་པ་ཞིག་མིན། སྤྱི་ཚོགས་བཅོས་སྐྱོང་དང་། རང་བྱུང་དང་སྤྱི་ཚོགས། རང་ཡུལ་དང་གཞན་ཡུལ་གྱི་འབྲེལ་བའི་ཐོག་ནས་སླར་ཡང་བརྗོད་ན། ཀྲུང་ཧྭའི་རིག་གནས་ཀྱིས་མི་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། བཏང་སྙོམས་ཡོང་རྒྱུ་དར་སྤེལ་གཏོང་བ་དང་མཐུན་ལ་གཅིག་པ་མིན་པ་དོན་གཉེར་བྱེད་ཀྱི་ཡོད། རིག་གནས་ཀྱི་འདུ་ཤེས་དེ་དག་རང་ཡུལ་དང་གཞན་ཡུལ་དང་། མི་རིགས་དང་འཛམ་གླིང་དབར་གྱི་འབྲེལ་བ་བར་ཟབ་ཏུ་ཕྱིན་པ་ནི་འཆམ་མཐུན་མཉམ་གནས་དར་སྤེལ་གཏོང་བ་ལས་ཕན་ཚུན་དཔུང་འཇུག་དང་བཙན་འཛུལ་བྱེད་པ་ཞིག་མིན། དེང་སྐབས་ཀྱི་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་དུ་ཀྲུང་གོ་བས་ཞི་བདེ་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་ལས་བཙན་དབང་རིང་ལུགས་གཏན་ནས་མཐའ་འཁྱོངས་བྱེད་ཀྱི་མེད་ཅེས་བཤད་པ་རེད།
            “སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དར་སྤེལ་བྱེད་པའི་འདུ་ཤེས་དག་སྲོལ་རྒྱུན་རིག་གནས་ཁྲོད་ནས་ཐད་ཀར་རམ་ཡང་ན་བལྟོས་བཅས་ཀྱི་བསམ་བློ་ཡོད་པ་དེ་སྔ་གཏན་ནས་སྣང་བ་མ་བྱུང་། སྲོལ་རྒྱུན་རིག་གནས་སློབ་སྦྱོང་བྱེད་པ་ནི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་བྱེད་པའི་བྱེད་ཐབས་ནུས་ལྡན་གཞན་ཞིག་རེད། སླད་ཕྱིན་ངས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་དང་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་རྒྱུ་ཞིབ་ཕྲའི་ལས་ཀའི་ཁྲོད་དུ་དོན་འཁྱོལ་ཐུབ་པ་བྱ་རྒྱུ་ཡིན”ཞེས་ཧོའེ་དབྱང་རྫོང་འཕྲོད་བསྟེན་འཆར་རྩ་ཨུ་ལྷན་གྱི་ཀྲུའུ་རེན་ཧན་ཡུས་ཏུང་གིས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།