འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།འབར་མའི་སྐབས་གསུམ་པའི་དུས་རབས་21པའི་པིན་ལུང་གྲོས་ཚོགས་གྲོལ་བ། 

    ཞི་བའི་གྲོས་མཐུན་དོན་ཚན་14ལ་མིང་རྟགས་བཀོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་18ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། དུས་ཡུན་ཉིན་6ཡིན་པའི་འབར་མའི་སྐབས་གསུམ་པའི་དུས་རབས་21པའི་པིན་ལུང་གྲོས་ཚོགས་དང་རྒྱལ་ཕྲན་མཉམ་འབྲེལ་གྱི་ཞི་བའི་ཚོགས་ཆེན་ཚེས་16ཉིན་བདེ་བླག་ངང་གྲོལ་བ་རེད། ཕྱོགས་ཁག་གི་འཐུས་མིས་མཇུག་འགྲིལ་མཛད་སྒོའི་ཐོག་འབྱུང་འགྱུར་གྲོས་མཐུན་ཡོང་བ་དང་ཡུན་རིང་ཞི་བདེ་ཡོང་བའི་《རྒྱལ་ཕྲན་མཉམ་འབྲེལ་གྱི་ཞི་བའི་གྲོས་མཐུན་》ནང་གི་དོན་ཚན་ཁ་ཤས་ལ་མིང་རྟགས་བཀོད་པ་རེད།
            འབར་མའི་སྲིད་གཞུང་དང་། གྲོས་ཚོགས། དམག་ཕྱོགས། སྲིད་ཏང་། མི་རིགས་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་སོགས་ཀྱི་འཐུས་མི་700ལྷག་ཙམ་མཇུག་འགྲིལ་མཛད་སྒོར་ཞུགས་པ་དང་། ཕྱོགས་ཁག་གིས་ཚོགས་ཆེན་ཐོག་ཆབ་སྲིད་ཀྱི་དོན་ཚན་4དང་། དཔལ་འབྱོར་གྱི་དོན་ཚན་1 སྤྱི་ཚོགས་ཀྱི་དོན་ཚན་7 ས་ཆ་དང་རང་བྱུང་ཐོན་ཁུངས་ཀྱི་དོན་ཚན་2བཅས་ཁྱོན་གྲོས་མཐུན་དོན་ཚན་ཁག་14ལ་ངོས་འཛིན་གཅིག་མཐུན་བྱུང་ཞིང་། ཕྱོགས་ཁག་གི་འཐུས་མིས་སྲིད་གཞུང་དང་། གྲོས་ཚོགས། དམག་ཕྱོགས། སྲིད་ཏང་། མི་རིགས་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་བཅས་ཚོགས་པ་ལྔས་འཐུས་མི་སོ་སོར་མངགས་ཏེ་གྲོས་མཐུན་ཡིག་ཆར་མིང་རྟགས་བཀོད་པ་དང་། ཡིག་ཆ་དེ་《རྒྱལ་ཕྲན་མཉམ་འབྲེལ་གྱི་ཞི་བའི་གྲོས་མཐུན་》གྱི་ཁག་གཉིས་པར་འགྱུར་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།