འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་པོས་
    གཏུམ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་རེ་འབོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་18ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་15ཉིན། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བའི་འཕེལ་རིམ་གྱི་དམིགས་བསལ་འདུམ་འགྲིག་པ་ཉི་ཀུའུ་ལཱ·མུའུ་ལཱ་ཏེ་ནུའོ་ཕུའུ་ཡིས་ཅ་ཧྲ་ཁུལ་དུ་དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་ཤོག་ཁག་ཁག་གིས་བཟོད་སྒོམ་བྱས་ནས་གཏུམ་སྤྱོད་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་རེ་འབོད་བྱས་པ་རེད།
             དེ་ཉིན་ཅ་ཧྲ་གྲོང་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་མུའུ་ལཱ་ཏེ་ནུའོ་ཕུའུ་ཡིས“ང་ཚོ་དམག་འཁྲུག་གི་མེ་ལྕེའི་མཚམས་སུ་གནས་ཡོད། འབྲེལ་ཡོད་ཕྱོགས་ཁག་གིས་དུས་བབ་ཛ་དྲག་ཏུ་མི་འགྲོ་བའི་ཆེད་འབད་བརྩོན་ཆེན་པོ་བྱས་ཡོད། མི་རྣམས་ཀྱིས་གདོང་ཐུག་གི་གནས་ཚུལ་མཐོང་འདོད་མེད་ལ། མི་རྣམས་ལ་གདོང་ཐུག་ཀྱང་དགོས་ཀྱི་མེད། གདུང་ཐུག་ནི་ཚང་མར་གནོད་པའི་བྱ་བ་ཞིག་རེད”ཅེས་བཤད།
            ཁོང་གིས་ཅ་ཧྲ་རྒྱུད་ཀྱི་ཕ་ལེ་སི་ཐན་ལ་ཉེ་དུས་ལོ་བཅུའི་ནང་གཞི་ཁྱོན་ཆེ་བའི་དམག་དོན་རྡུང་རྡེག་ཐེངས་གསུམ་ཕོག་ཡོད། ཅ་ཧྲ་ཁུལ་དང་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་དུ་ཡོད་པའི་དབྱི་སི་རལ་བ་ཚོས་འདས་ཟིན་པའི་ལོ་བཅུའི་ནང་མེ་ཤུགས་འཕུར་མདའི་འཇབ་རྒོལ་གྱི་ཉེན་ཁའི་ཁྲོད་འཚོ་བ་བསྐྱལ་ཡོད་ཅེས་བཤད།
            ཁོང་གིས་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་བཟོད་སྒོམ་ཆེ་ཤོས་བྱས་ཏེ་བྱིས་པར་མེ་མདའ་རྒྱག་མི་རུང་ཞེས་བཤད་པ་དང་ཆབས་ཅིག ཅ་ཧྲ་ཁུལ་གྱི་རྒྱུད་དུ་ཡོད་པའི་ཕ་ལེ་སི་ཐན་བ་ཚོས་ཁྲོམ་སྐོར་ཐད་ཞི་བའི་རྣམ་འགྱུར་འཛིན་པ་དང་ལེགས་དབྱེའི་སྒྲོམ་སྐྱོར་འགྲམ་དུ“བསྙད་རྐོ་བའི་བྱེད་སྤྱོད”དཔེར་ན་མེ་ཤུགས་འཕུར་མདའ་འཕེན་པ་དང་། མེ་སྒྱོགས་རྒྱག་པ། འབར་གས་སླ་བའི་དངོས་པོ་བསྒར་བའི་བྱ་འཕུར་གློད་པ་སོགས་བྱ་རྒྱུ་འགོག་དགོས་ཞེས་བཤད།
            ཚེས་14ཉིན་གྱི་དགོང་མོ། ཅ་ཧྲ་ཁུལ་གྱི་ཧཱ་མཱ་སི་དང་དབྱི་སི་ལམ་མཆོག་འཐབ་རྩ་འཛུགས(ཅེ་ཧྭ་ཏེ)ཁག་སོ་སོས་དབྱི་སི་རལ་དང་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་བཞག་པའི་སྐོར་ཁྱབ་བསྒྲགས་བྱས་མོད། འོན་ཀྱང་དབྱི་སི་རལ་གྱིས་ཧཱ་མཱ་སི་དང་དམག་མཚམས་འཇོག་པའི་གྲོས་མཐུན་བཞག་པའི་སྐོར་དེ་ཁས་བླངས་མེད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།