འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་དྲང་གཞག་མིན་པའི་ཚོང་དོན་གཉེར་གྱི་འདུག་ཅེས་ཨ་རིས་སྐྱོན་འཛུགས་བྱས་པར་
    ཕྱི་འབྲེལ་པུས་དྲང་གཞག་ཐད་རང་ཁ་རང་གཅོད་བྱེད་མི་རུང་ཞེས་ལན་བཏབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་18ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཨ་རིའི་《301བརྟག་དཔྱད་སྐོར་གྱི་གསལ་བསྒྲགས་》ནང་ཀྲུང་གོས་ཡུན་རིང་དྲང་གཞག་མིན་པའི་ཚོང་དོན་གཉེར་གྱི་འདུག་ཅེས་སྐྱོན་འཛུགས་བྱས་པར་དམིགས་ནས་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཚེས་16ཉིན་དྲང་གཞག་ནི་ཚང་མས་འདྲ་མཉམ་ངང་གྲོས་མོལ་བྱས་ནས་གཏན་འཁེལ་བྱས་པའི་རྒྱལ་སྤྱིའི་སྒྲིག་སྲོལ་ཞིག་ཡིན་པ་ལས་རང་ཁ་རང་གཅོད་བྱེད་མི་རུང་ལ་རང་ངོས་ཀྱི་ཁེ་ཕན་ལ་གཞིགས་ནས་ཚད་གཞི་བཟོ་བའམ་ཡང་ན་རྒྱལ་ཁབ་གཞན་དག་གི་དྲང་གཞག་དང་ཁེ་ཕན་བློས་བཏང་ནས་རང་ཉིད་ཀྱི་ཁེ་ཕན་ཆེ་ཤོས་དོན་གཉེར་བྱེད་མི་རུང་ཞེས་བརྗོད་པ་རེད།
            དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་ཨ་རིའི་《301བརྟག་དཔྱད་སྐོར་གྱི་གསལ་བསྒྲགས་》ནང་ཀྲུང་གོས་ཡུན་རིང་དྲང་གཞག་མིན་པའི་ཚོང་དོན་གཉེར་བའི་རྐྱེན་གྱིས་ཀྲུང་གོར་ཁེ་བཟང་རག་པ་དང་ཨ་རིར་གྱོང་གུན་ཕོག་ཡོད་ཅེས་སྐྱོན་འཛུགས་བྱས་ཡོད་པས་ཕྱི་འབྲེལ་པུའི་མགྲིན་ཚབ་པས་དེའི་ཐད་ལན་ཇི་ལྟར་སློག་རྒྱུ་ཡིན་ནམ་ཞེས་དྲིས།
           ཧྭ་ཁྲུན་ཡིང་གིས་ཀྲུང་གོའི་ཚོང་དོན་པུས་གཟའ་འཁོར་གོང་མར་གསལ་བསྒྲགས་སྤེལ་ཏེ་ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་ནོར་འཁྲུལ་གྱི་ལྟ་བར་དགག་པ་བརྒྱབ་ནས་ཨ་རིའི་འབྲེལ་ཡོད་སྐྱོན་འཛུགས་དེ་ནི་རྦད་དེ་དོན་དངོས་འཁྱོག་བཤད་བྱས་པ་ཞིག་ཡིན་པས་ཁུངས་འཁྱོལ་མི་ཐུབ། ངས་སླར་ཡང་ཨ་རིར་གནད་དོན་ཁ་ཤས་འདྲི་རྒྱུ་སྟེ།
          དང་པོ། ཀུན་གྱིས་ཤེས་གསལ་ལྟར་ཨ་རི་ནི་འཛམ་གླིང་གི་ཚོང་དོན་སྒྲིག་སྲོལ་བཟོ་མཁན་གཙོ་བོ་དེ་ཡིན་པ་དང་ཨ་སྒོར་ནི་རྒྱལ་སྤྱིའི་ཚོང་དོན་གྱི་མཇུག་རྩིས་དངུལ་ལོར་གཙོ་བོ་དེ་རེད། ཡིན་ཡང་ཀྲུང་གོ་ནི་རྗེས་སུ་རྒྱལ་སྤྱིའི་ཚོང་དོན་ནང་ཞུགས་མཁན་དང་WTOཡི་སྒྲིག་སྲོལ་དང་ལེན་ཞུ་མཁན་ཞིག་ཡིན། སྒྲིག་སྲོལ་བཟོ་མཁན་གྱིས་གཞན་ཕན་རང་གནོད་ཀྱི་སྒྲིག་སྲོལ་ཞིག་བཟོ་སྲིད་དམ།
           གཉིས་པ། འདས་ཟིན་པའི་ལོ་40ཡི་རིང་ཀྲུང་ཨའི་ཚོང་དོན་གཞི་ཁྱོན་ལྡབ་230ལྷག་ཙམ་འཕར་བ་དང་ན་ནིང་རྒྱལ་ཁབ་གཉིས་པོའི་ཚོང་དོན་སྤྱི་འབོར་ཨ་སྒོར་དུང་ཕྱུར་6000ཙམ་ཟིན་པ་དེ་ནི་དཔལ་འབྱོར་ཆོས་ཀྱི་ཉིད་ཅིག་ཡིན་ལ་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གཉིས་ཁེ་གཉིས་ཕན་གྱི་ལྡོག་མེད་ཆོས་ཉིད་ཀྱང་རེད། ཚང་མས་ཤེས་གསལ་ལྟར་ཚོང་པས་མ་རྩ་རྡིབ་པའི་ཚོང་རྒྱག་མི་སྲིད་ལ་མ་རྩ་ནི་ནམ་ཡང་ཁེ་ཕན་ཐོབ་ཐབས་བྱེད་པ་ཞིག་ཡིན། འོ་ན་ཨ་རིས་འདས་ཟིན་པའི་ལོ་40ཡི་རིང་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་མ་རྩ་རྡིབ་པའི་ཚོང་བརྒྱབ་པ་ཡིན་ནམ། ཨ་རིས་ཡུན་རིང་ཀྲུང་གོ་དང་ཚོང་རྒྱག་མཁན་ཨ་རིའི་ཁེ་ལས་དེ་དག་ལ་དྲང་གཏམ་ཞིག་ཤོད་དུ་བཅུག་ན་མི་འགྲིག་གམ།
          གསུམ་པ། ད་ཆ་ཀྲུང་གོ་འདི་ཉིད་རྒྱལ་ཁབ་དང་ས་ཁུལ་120ལྷག་ཙམ་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་དང་། འཛམ་གླིང་ཐོག་འཕར་མགྱོགས་ཤོས་ཀྱི་ཕྱིར་གཏོང་ཁྲོམ་ར་གཙོ་བོ། གོ་ལ་ཧྲིལ་པོའི་ཕྱི་ཕྱོགས་མ་རྩ་འགུགས་མང་ཤོས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བཅས་སུ་གྱུར་ཡོད། ན་ནིང་ཀྲུང་གོས་ཕྱི་ཕྱོགས་མ་རྩ་འགུགས་ཚད་འཛམ་གླིང་གི་ཨང་གཉིས་པར་སླེབས་པ་དང་འདི་ལོའི་ལོ་སྟོད་དུ་ཀྲུང་གོར་གསར་དུ་བཙུགས་པའི་ཕྱི་རྒྱལ་ཚོང་པས་མ་རྩ་འཇོག་པའི་ཁེ་ལས་དེ་དུས་མཚུངས་ལས་96.6%འཕར་ཡོད་པས་རྒྱལ་ཁབ་མང་པོ་དེ་ལྟ་བུས་ཀྲུང་གོ་དང་མུ་མཐུད་མ་རྩ་རྡིབ་པའི་ཚོང་རྒྱག་གི་ཡོད་དམ།
          “ངས་གསལ་སྟོན་བྱེད་དགོས་པ་ཞིག་ལ་ཚོང་དོན་དོ་སྙོམས་མེད་པ་དེ་དྲང་གཞག་མེད་པ་དང་གཅིག་མཚུངས་མིན། དྲང་གཞག་ནི་ཚང་མས་འདྲ་མཉམ་ངང་གྲོས་མོལ་བྱས་ཏེ་རྒྱལ་སྤྱིའི་སྒྲིག་སྲོལ་བཟོ་བ་ཞིག་ཡིན་པ་ལས་རང་ཁ་རང་གཅོད་བྱེད་མི་རུང་ལ་རང་ངོས་ཀྱི་ཁེ་ཕན་ལ་གཞིགས་ནས་ཚད་གཞི་བཟོ་བ་དང་ཐ་ན་རྒྱལ་ཁབ་གཞན་དག་གི་དྲང་གཞག་དང་ཁེ་ཕན་བློས་བཏང་ནས་རང་ཉིད་ཀྱི་ཁེ་ཕན་ཆེ་ཤོས་དོན་གཉེར་བྱེད་མི་རུང”ཞེས་གསུངས་པ་རེད།
           ཧྭ་ཁྲུན་ཡིང་གིས་གལ་ཏེ་སྐབས་དེ་དུས་ཀྲུང་གོ་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་པའི་གྲོས་མོལ་བྱེད་སྐབས་WTOཡི་སྒྲིག་སྲོལ་གྱི“ཚད་གཞི”དེ་ཀྲུང་གོའི་ཆེད་དམའ་རུ་གཏོང་མི་སྲིད་ཅེས་བརྗོད་ཡོད། ད་ཆ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་གྱུར་པའི་རླབས་རྒྱུན་ཆེན་པོ་དེས་ཨ་རི་ཕྱོགས་ཀྱི་མི་ཁ་ཤས་ཚུད་པའི་རྒྱལ་ཁབ་ག་གེ་མོ་ཞིག་གིས་རླབས་རྒྱུན་ལས་ལྡོག་པའི་བྱ་སྤྱོད་སྤེལ་བའི་དབང་གིས་ཁེར་རྐྱང་གི་གནས་སུ་ཕྱིར་ལོག་གཏན་ནས་བྱེད་མི་སྲིད། ད་ཆའི་རྒྱལ་ཁབ་ཁག་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་ལས་དབང་གཅིག་མཐུན་གྱི་དུས་རབས་འདིའི་ནང་སྲུང་སྐྱོང་རིང་ལུགས་ཀྱིས་རང་ཉིད་སྲུང་སྐྱོང་བྱེད་མི་ཐུབ་ལ་ཕྱོགས་རྐྱང་རིང་ལུགས་ཀྱིས་རང་གཞན་གཉིས་ཀར་གནོད་སྲིད་ཅེས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།