འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།འབྲི་ཆུའི་སྟོད་རྒྱུད་དུ་འདི་ལོའི་ཆུ་ལོག་ཐེངས་གཉིས་པ་དོན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་16ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཆར་པ་བསྟུད་མར་བབས་པར་བརྟེན། འབྲི་ཆུའི་སྟོད་རྒྱུད་ཀྱི་ཅཱ་ལིང་གཙང་པོ་སོགས་རྒྱས་ནས་ཆུ་ལོག་ཚབས་ཆེན་དོན་ཡོད། ཟླ་7ཚེས་13གྱི་ཆུ་ཚོད་4པར་འབྲི་ཆུའི་ཆུ་གཞུང་ཨ་མ་ཚུན་ཐན་ས་ཚིགས(ཁྲུང་ཆིང་གཙང་བྱང)ཀྱི་ཆུ་རྒྱུགས་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་50400ཟིན་ནས་འབྲི་ཆུའི་སྟོད་རྒྱུད་དུ་2018ལོའི་ཆུ་ལོག་ཐེངས་གཉིས་པ་དོན་ཡོད། ཚེས་13ཉིན་གྱི་ཆུ་ཚོད་14ལ་ཚུན་ཐན་ས་ཚིགས་སུ་ཆུ་རྒྱུགས་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་54800འཕར་བ་དང་། ཆུ་ཁ་སྨི་182.46འཕར་ནས་ཆུ་ཉེན་ཐིག་ཚད(སྨི་180.5)ལས་སྨི་1.96བརྒལ་ཡོད། འབྲི་ཆུའི་འགག་གསུམ་གྱི་ཆུ་མཛོད་དུ་ཆུ་རྒྱུགས་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་52000འཕར་བ་དང་ཆུ་མཛོད་ནས་ཆུ་རྒྱུགས་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་42800འཕར་ཏེ་ཆུ་ཉེན་ཐིག་ཚད་སྨི་146.77ཟིན་ནས་ཆར་དུས་ཀྱི་ཆུ་ཉེན་ཐིག་ཚད་ལས་སྨི་1.77བརྒལ་ཡོད་པ་རེད། སྔོན་རྩིས་བྱས་ན། ཟླ་7ཚེས་14ཉིན་གྱི་ཐོ་རེངས་སུ་འབྲི་ཆུའི་འགག་གསུམ་གྱི་ཆུ་མཛོད་ནས་ཆུ་རྒྱུགས་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་60000ཙམ་ཟིན་ཡོད་པ་རེད།
            སི་ཁྲོན་དང་ཁྲུང་ཆིང་ཞིང་ཆེན་གཉིས(གྲོང་ཁྱེར)གྱི་འབྲུབ་འགོག་བཀོད་འདོམས་པུའུ་ཡིས། ཆར་ཆུའི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱས་ནས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་མཛོད་བཀོད་གཏོང་དང་། སྔོན་འགོག་གཙོ་གནད་དུ་བཞག་ཅིང་། ཆུ་ལོག་གི་ཉེན་ཁ་ཐོན་བཟོ་ཡོད་པའི་ས་ཁུལ་གྱི་མང་ཚོགས་སྔ་བསྣུར་དུ་གནས་སྤོ་སྒྲིག་འཛུགས་བྱས་ཏེ། སྔ་རྗེས་སུ་ཁག་སོ་སོར་མང་ཚོགས་ཁྲི་9.43དང་མང་ཚོགས་ཁྲི9.8(དེའི་ནང་ཧོ་ཁྲོན་ཆུས་ཀྱི་མང་ཚོགས་ཁྲི་4.4)གནས་སྤོས་བྱས་ནས། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་བྱས་པ་དང་འབྲེལ་གང་ཐུབ་ཅི་ཐུབ་ཀྱིས་གནོད་འཚེའི་གྱོང་གུན་ཆུང་དུ་བཏང་བ་རེད། མིག་སྔར་ཉེན་ཁ་ཚབས་ཆེན་ཕོག་པའི་གནས་ཚུལ་དང་མི་སྣའི་ཤི་རྨས་ཀྱི་གནས་ཚུལ་ཐོན་པའི་སྙན་ཞུ་འབྱོར་མེད་པ་རེད།
           རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་པུའི་དྲུང་ཆེ་དང་ཆུ་བེད་པུའི་པུའུ་ཀྲང་གཞོན་པ། འཕྲལ་སྡོམ་དོ་དམ་པུའི་པུའུ་ཀྲང་གཞོན་པ་གཅིག་ལྕོགས་ཡེ་ཅན་ཁྲུན་གྱིས་སྣེ་འཁྲིད་པའི་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་པུའི་ལས་དོན་ཚོགས་ཆུང་དང་དེ་གོང་བཏང་བའི་ལས་དོན་ཚོགས་ཆུང་3གྱིས། སི་ཁྲོན་དང་ཁྲུང་ཆིང་གི་འབྲུབ་འགོག་འཐབ་ཕྱོགས་དང་པོར་བསྐྱོད་ནས། ས་གནས་ཀྱིས་མང་ཚོགས་གནས་སྤོ་དང་ཉེན་སེལ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་གཞོགས་འདེགས་མཛུབ་ཁྲིད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།