འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་བཅའ་ཁྲིམས་རོགས་སྐྱོར་དང་བླངས་པ་200ལྷག་ཙམ་གྱིས་དབུས་ནུབ་རྒྱུད་ཀྱི་ས་ཁུལ་དུ
    "ཁྲིམས་སྐྱོང་ཕྱི་གསལ་ནང་གསལ"ཁྱབ་གདལ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་07ཉིན། 15:50】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཁྲིམས་རྩོད་དང་བླངས་པ་140དང་སློབ་གྲྭ་ཆེ་མོ་བའི་དང་བླངས་པ་98ཀྱིས་དབུས་ནུབ་རྒྱུད་ས་ཁུལ་གྱི་ཞིང་ཆེན(རང་སྐྱོང་ལྗོངས་)15དང་རྫོང(ཆུས)140རུ་བཅའ་ཁྲིམས་རོགས་སྐྱོར་ལས་དོན་སྤེལ་བ་རེད།
            ཁྲིམས་འཛིན་པུའི་པུའུ་ཀྲང་གཞོན་པ་ཞུང་ཞོན་གོ་ཡིས་ཚེས་5ཉིན“1+1”གི་ཀྲུང་གོའི་བཅའ་ཁྲིམས་རོགས་སྐྱོར་དང་བླངས་པའི་བྱ་སྤྱོད་2018ལོའི་འགོ་འཛུགས་མཛད་སྒོའི་ཐོག་དང་བླངས་པ་དེ་དག་གིས་དབུལ་སྒྲོལ་འགག་སྒྲོལ་ལ་ཞབས་འདེགས་ཞུ་བ་དང་། སྤྱི་ཚོགས་ཀྱི་འགལ་ཟླ་སེལ་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་བ། དམངས་འཚོ་ལེགས་གཏོང་དང་འགན་སྲུང་བྱེད་པ་བཅས་ཀྱི་ཐད་ལེགས་སྐྱེས་ཕུལ་ཡོད་པ་རེད།
           ངོ་སྤྲོད་བྱས་པར་གཞིགས་ན། “1+1”བྱ་སྤྱོད་ནི་ཁྲིམས་འཛིན་པུའུ་དང་། སྡེ་ཚོགས་ཀྲུང་དབྱང་གི་འབྲེལ་ཡོད་སི་དང་ཅུས། ཚན་པ་བཅས་ཀྱིས་མཉམ་དུ་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱས་པའི་བཅའ་ཁྲིམས་ཀྱི་རོགས་སྐྱོར་སྤྱི་ཕན་བྱེད་སྒོ་ཆེ་གྲས་ཤིག་རེད། 2009ལོར་ལག་བསྟར་བྱས་པ་ནས་བཟུང་། “1+1”གི་དང་བླངས་པ་1100ལྷག་ཙམ་གྱིས་དབུས་ནུབ་རྒྱུད་ཀྱི་གསར་བརྗེའི་ཁུལ་རྙིང་པ་དང་། གྲངས་ཉུང་མི་རིགས་ཀྱི་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་390ལྷག་ཙམ་གྱི་ཁྲིམས་རྩོད་པ་ཧ་ཅང་ཉུང་བའི་རྫོང་དུ་བཅའ་ཁྲིམས་རོགས་སྐྱོར་གྱོད་གཞི་ཁྲི་6ལྷག་ཙམ་བདག་སྤྲོད་བྱས་པ་དང་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་དང་ཁྲིམས་སྐྱོང་འཆད་ཁྲིད་ཐེངས་ཁྲི་2ལྷག་ཙམ་བྱས་པས་མི་ཁྲི་1600ལྷག་ཙམ་ལ་ཐད་ཀར་ཕན་པ་ཐོབ་པ་དང་རོགས་སྐྱོར་བྱ་ཡུལ་མང་ཚོགས་ལ་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་39.8མ་ཕོག་པ་བྱས་པ་རེད།
             འདི་ལོ“1+1”བཅའ་ཁྲིམས་རོགས་སྐྱོར་དང་བླངས་པའི་བྱ་སྤྱོད་ཀྱིས་དབུལ་སྐྱོར་འགག་སྒྲོལ་བརྗོད་དོན་གཙོ་བོར་བྱས་ནས་ས་ཆ་དེ་གའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་མུ་མཐུད་ཞབས་འདེགས་ཞུ་གི་ཡོད།
            དེའི་ཐད་ཞུང་ཞོན་གོས་རྒྱ་ཆེའི་དང་བླངས་པས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ་དེ་དང་བླངས་ཞབས་ཞུའི་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་ཞབས་ཞུའི་ནུས་པ་གོང་མཐོར་ཧུར་ཐག་གཏོང་བ་དང་དོ་དམ་ཆུ་ཚད་མཐོ་རུ་བཏང་སྟེ་ཞབས་ཞུའི་ནང་དོན་དང་ལས་ཀའི་བྱ་ཐབས་གསར་གཏོད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།