འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།དཔེ་ཁང་ཡག་པོ་ཞིག 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་07ཉིན། 15:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ལོ་56ལ་སླེབས་པའི་ཧྲའོ་ཤིང་བ་ཆན་ཧྭ་ཡིས་གནའ་གྲོང་ཧྲའོ་ཤིང་གི་བེད་མེད་ཐོག་ཁང་རྙིང་པ་ཞིག་དཔེ་ཁང་བཟོས་པ་དང་ཁོང་དཔེ་ཁང་དེའི་ནང་གི་ལས་མི་གཅིག་པུ་དེ་རེད།
            ཆན་ཧྭ་སློབ་ཆེན་འགྲིམས་མྱོང་མེད་ཀྱང་དཔེ་དེབ་བཀླག་རྒྱུར་ཧ་ཅང་དགའ་པོ་ཡོད། ཁོང་གིས“གྲོང་ཁྱེར་གཅིག་ལ་དཔེ་ཁང་ཡག་པོ་ཞིག་དགོས། ང་ལ་དགེ་མཚན་གཞན་དག་གང་ཡང་མེད། ཡིན་ནའང་དཔེ་ཁང་དེ་འདྲ་ཞིག་བཟོས་ནས་ངའི་ཕ་ཡུལ་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན”ཡིན་ཞེས་ཤོད་ཀྱི་ཡོད། 2017ལོར་གནའ་ཤུལ་པ་ཙེ་ཟམ་པའི་འགྲམ་གྱི“ཧོང་ཡོན་དཔེ་ཁང”དངོས་སུ་སྒོ་ཕྱེ་ཡོད། ཇུས་འགོད་ལེགས་པའི་དཔེ་ཁང་དེའི་ནང་དུས་ངེས་མེད་དུ་རོལ་དབྱངས་འཁྲབ་སྟོན་དང་། སྒྱུ་རྩལ་འགྲེམས་སྟོན། རིག་གནས་སྤེལ་རེས། གློག་བརྙན་ལྟ་བ་སོགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད་པས་དབེན་འཇམ་གནའ་གྲོང་དེའི་རིག་གནས་ཀྱི་མཚོན་རྟགས་ལྟ་བུ་ཞིག་ཏུ་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།