འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་སྲིད་པུའུ་སོགས་སྡེ་ཚན་དགུ་ཡིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་ནས་པུར་འཇུག་ཁྱབ་ཁོངས་
    ཀྱི་མངོན་གསལ་དོད་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་07ཉིན། 15:34】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། དམངས་སྲིད་པུའུ་ཡིས་འཕེལ་སྒྱུར་ཨུ་ལྷན་དང་། སྤྱི་བདེ་པུའུ། ཁྲིམས་འཛིན་པུའུ། རང་བྱུང་ཐོན་ཁུངས་པུའུ། སྡོད་ཁང་འཛུགས་སྐྲུན་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཁྲོམ་རའི་ལྟ་སྐུལ་སྤྱི་ཁྱབ་ཅུས། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་སོགས་སྡེ་ཚན་དགུ་དང་མཉམ་དུ་《རྒྱལ་ཡོངས་ཀྱི་པུར་འཇུག་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཇུས་གཞི་》(གཤམ་དུ་《ཇུས་གཞི་》ཞེས་བསྡུ་རྒྱུ)མཉམ་འབྲེལ་ཐོག་པར་འགྲེམས་བྱས་ཏེ་2018ལོའི་ཟླ་6པའི་ཟླ་སྨད་ནས་ཟླ་9པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་པུར་འཇུག་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད།
            《ཇུས་གཞིའི་》ནང་པུར་འཇུག་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་བརྒྱུད་སྒྲིག་འགལ་ངང་སྤྱི་པའི་བང་སོ་གང་བྱུང་དུ་བསྐྲུན་པ་དང་། སྒྲིག་འགལ་ངང་ཚད་གཞི་ལས་འགལ་བའི་དུར་ཁུང་དང་རིན་གོང་མཐོ་བའི་དུར་ས་ཕྱིར་ཚོང་བྱེད་པ་དང་སྔ་སྣུར་ནས་དུར་ས་མངགས་པ། དུར་ཁུང་ངམ་ཡང་ན་པུར་ཐལ་འཇོག་གནས་གོང་སྤར་ནས་ཉོ་ཚོང་བྱེད་པའི་གནད་དོན་ལ་མཉམ་ཤུགས་བཏོན་ནས་བཅོས་སྒྲིག་བྱེད་པ། པུར་འཇུག་ཞབས་ཞུ་དང་། མཚམས་སྦྱོར་ཞབས་ཞུ། གཤིན་པོ་དུར་འཇུག་གི་མཁོ་ཆས་ཀྱི་ཁྲོམ་རར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་པའི་དུར་སའི་ཁེ་ལས་ཀྱིས་ཁྲིམས་འགལ་ངང་ཁེ་བཟང་ཆེན་པོ་ཟ་བའི་བྱེད་སྤྱོད་བཀག་འགོག པུར་འཇུག་ཞབས་ཞུའི་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག ལྟ་སྐུལ་དོ་དམ་གྱི་ཁྲིམས་སྐྱོང་འགན་འཁྲི་དོན་འཁྱོལ་ནན་པོ། པུར་འཇུག་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། པུར་འཇུག་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཁ་གསལ་བཏོན་པ་རེད།
            《ཇུས་གཞིའི་》ནང་བཅོས་སྒྲིག་གི་གཙོ་གནད་ནི་སྤྱི་པའི་བང་སོ་འཛུགས་སྐྲུན་གཉེར་སྐྱོང་དང་པུར་འཇུག་ཞབས་ཞུ་དང་། མཚམས་སྦྱོར་ཞབས་ཞུ། དེ་བཞིན་གཤིན་པོ་དུར་འཇུག་གི་མཁོ་ཆས་ཕྱིར་ཚོང་བྱེད་སྐབས་ཀྱི་ཕྱོགས་གཉིས་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་རིགས་བཅུ་གཙོ་བོ་གཅིག་སྡུད་བྱས་པ་སྟེ། གཅིག་ནི་ཆོག་མཆན་མ་ཐོབ་པར་སྤྱི་པའི་བང་སོའི་སྒྲིག་བཀོད་གང་བྱུང་དུ་བསྐྲུན་པ(པུར་ཐལ་གྱི་བང་སོའི་སྐྱེད་ཚལ་དང་ས་འོག་གི་བང་སོ་འཇོག་ཁང་སོགས་ཚུད་པ)དང་། གཉིས་ནི་སྤྱི་པའི་བང་སོར་ཁྲིམས་ལྟར་འཛུགས་སྐྲུན་དུ་སྤྱོད་པའི་ས་ཆའི་འགྲོ་ལུགས་གཉེར་མེད་པ། གསུམ་ནི་ཆོག་མཆན་མ་ཐོབ་པར་གང་བྱུང་དུ་སྤྱི་པའི་བང་སོའི་འཛུགས་སྐྲུན་དང་། འཆར་འགོད་བཟོ་བཅོས་བརྒྱབ་པ་དང་འཛུགས་སྐྲུན་དུ་སྤྱོད་པའི་ས་ཆའི་གཞི་ཁྱོན་ཆེ་རུ་བཏང་བ། བཞི་ནི་ཁྲིམས་ལྟར་འདས་པོའི་གསོན་པོར་གནས་པའི་བཟའ་ཟླ་སོགས་དམིགས་བསལ་མི་ཚོགས་ལ་དུར་ཁུང(དུར་ས)དང་པུར་ཐལ་འཇོག་གནས་སྔ་སྣུར་ནས་འཚོང་བ(བོགས་གཏོང)དང་འབྲེལ་རང་ཉིད་ཀྱིས་བེད་སྤྱོད་བྱ་རྒྱུའི་འགན་ལེན་བྱེད་པ་ཕུད་ཤི་བའི་དཔང་ཡིག་དང་། མེར་སྲེག་པའི་དཔང་ཡིག་གམ་ཡང་ན་དུར་གནས་སྤོ་བའི་དཔང་ཡིག་མེད་པའི་མིར་དུར་ཁུང(དུར་ས)དང་པུར་ཐལ་འཇོག་གནས་སྔ་སྣུར་ནས་བཙོངས་པ(བོགས་གཏོང) ལྔ་ནི་གཏན་འབེབས་ལས་འགལ་བའི་དུར་ཁུང(དུར་ས)དང་པུར་ཐལ་འཇོག་གནས་ཕྱིར་འཚོང(བོགས་གཏོང)བྱས་པ། དྲུག་ནི་རིན་གོང་དོ་དམ་གྱི་གཏན་འབེབས་ལས་འགལ་བ་དང་སྲིད་གཞུང་གི་རིན་གོང་གཏན་འཁེལ་དང་མཛུབ་ཁྲིད་རིན་གོང་ལས་འགལ་ནས་དུར་ཁུང(དུར་ས)ལ་ཚད་གཞི་ལས་འགལ་བའི་སྒོ་ནས་འགྲོ་གྲོན་བསྡུ་བ་དང་དུར་ཁུང(དུར་ས)དང་པུར་ཐལ་འཇོག་གནས་ཕྱིར་ཚོང(བོགས་གཏོང)བྱེད་རིང་རིན་གོང་ཁ་བསླུས་རྒྱག་པ་དང་རིན་གོང་སྒེར་སྡེམ་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད། བདུན་ནི་གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་དུར་ས་སྒྲིག་འགལ་ངང་ཕྱིར་ཚོང་བྱས་ཏེ་ཁེ་སྤོགས་དོན་གཉེར་གྱི་བྱེད་སྤྱོད་སྤེལ་བ། བརྒྱད་ནི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་ཚོང་ལས་མ་རྩ་མཉམ་ལས་བྱས་ཏེ་པུར་ཐལ་འཇོག་སའི་སྒྲིག་བཀོད་གང་བྱུང་དུ་བསྐྲུན་ནས་སྒྲིག་འགལ་ངང་ཁེ་སྤོགས་དོན་གཉེར་གྱི་བྱེད་སྤྱོད་སྤེལ་བ། དགུ་ནི་པུར་འཇུག་ཞབས་ཞུ་དང་མཚམས་སྦྱོར་ཞབས་ཞུ་བྱེད་པ་དང་དེ་བཞིན་གཤིན་པོ་དུར་འཇུག་གི་མཁོ་ཆས་ཕྱིར་ཚོང་བྱེད་སྐབས་གཏན་འབེབས་ལྟར་རིན་གོང་གསལ་པོ་མེད་པར་བཙན་ཤེད་ངང་ཞབས་འདེགས་ཞུས་ཏེ་འགྲོ་གྲོན་བསྡུ་བའམ་ཡང་ན་འགྲོ་གྲོན་བསྡུ་བ་ལས་ཞབས་འདེགས་མི་ཞུ་བ། བཅུ་ནི་སྒྲིག་འགལ་ངང་གཉེར་སྐྱོང་དང་བཙན་ཤེད་ཀྱིས་ཁྲོམ་ར་བཟུང་བའི་བྱེད་སྤྱོད་སྤེལ་བ་བཅས་རེད། གཞན་ཡང་པུར་མཆོད་ཁང་དང་། པུར་མཆོད་ཞབས་ཞུའི་ས་ཚིགས(ལྟེ་གནས) སྤྱི་པའི་བང་སོ། གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་དུར་ས། སྨན་བཅོས་སྒྲིག་གཞིའི་པུར་ཁང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་པུར་ཐལ་འཇོག་སའི་སྒྲིག་བཀོད་བཅས་ཚང་མ་ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲིག་ཁྱབ་ཁོངས་ནང་འཇུག་དགོས་པ་བཏོན་པ་རེད།
           བྱེད་སྒོ་སྤེལ་རིང་དམངས་སྲིད་པུའུ་སོགས་སྡེ་ཚན་གྱིས་རྒྱལ་ཡོངས་ཀྱི་པུར་འཇུག་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་ཀྱི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་གཞུང་དོན་ཁང་དེ་དམངས་སྲིད་པུའི་སྤྱི་ཚོགས་ལས་དོན་སི་རུ་བཙུགས་ཤིང་། ཐེར་འདོན་གོང་ཞུའི་ཁ་པར་ཨང་གྲངས་ནི། 010-58123044དང་63706770ཡིན་པ་དང་། (ལས་དུས་ནི། 08∶00-17∶00བར་རེད། དུས་ཆེན་དང་གུང་གསེང་ཉིན་མོ་དང་གཟའ་མཇུག་སོགས་སུ་ཐེར་འདོན་གོང་ཞུའི་ནང་དོན་གློག་རྡུལ་སྦྲག་སྒམ། binzangchu@163.comཐོག་བསྐུར་ན་ཆོག)པ་དང་ཆེད་དོན་མི་སྣས་ལེགས་སྒྲིག་གི་འགན་འཁུར་རྒྱུ་དང་འབྲེལ་འགན་འཁྲི་ལྟར་ཁུངས་སྣེ་རྩིས་སྤྲོད་བྱ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།