འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས་ས་ཁོངས་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་ཞིག་བཏོད་དེ་དཀར་མཛེས་དང་
    རྔ་པ་སོགས་ཀྲོའུ་དང་ནང་སའི་དབར་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་07ཉིན། 15:39】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
             མི་དམངས་དྲ་བའི་འཕྲིན། སི་ཁྲོན་ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་གཏོང་རྒྱུ་མི་འདང་བ་སོགས་ཀྱི་གནད་དོན་དམིགས་སུ་བཀར་ནས་ཐག་གཅོད་བྱ་ཆེད། སི་ཁྲོན་ཞིང་ཆེན་གྱིས“གཙོ་གཅིག་ཕྱོགས་མང་དང་ས་ཁུལ་ལྔའི་མཐུན་སྦྱོར”གྱི་ས་ཁོངས་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་ཞིག་གཏོད་རྒྱུའི་གྲོས་འགོ་བཏོན་ཞིང་། དེ་ནི་གསར་འགོད་པས་ཉེ་དུས་མཇུག་འགྲིལ་མ་ཐག་པའི་ཀྲུང་གུང་སི་ཁྲོན་ཞིང་ཨུད་ཀྱི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ཞིག་རེད།
            ས་ཁོངས་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་དེ་སི་ཁྲོན་ཞིང་ཨུད་ཀྱི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས་ནང་གཏན་འཁེལ་བྱས་པ་ཞིག་ཡིན་པ་དང་ནང་དོན་གཙོ་བོ་གཤམ་གསལ་གྱི་ཕྱོགས་འགའ་ལས་མངོན་པ་སྟེ། “གཙོ་བོ”སྟོབས་ཆེར་བཏང་ནས་ཁྲེང་ཏུར་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་མངོན་པའི་རྒྱལ་ཁབ་ཀྱི་ལྟེ་བའི་གྲོང་ཁྱེར་སྐྲུན་མགྱོགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། “ཕྱོགས་མང་པོ”འཕེལ་རྒྱས་བཏང་ནས་རང་རང་གི་ཁྱད་ཆོས་ལྡན་པའི་ས་ཁོངས་དཔལ་འབྱོར་ཁུལ་ཆུང་བསྐྲུན་ཏེ་ཁྲེང་ཏུའུ་བསྐོར་བའི་དཔལ་འབྱོར་ཁུལ་དང་། སི་ཁྲོན་ལྷོ་རྒྱུད་ཀྱི་དཔལ་འབྱོར་ཁུལ། སི་ཁྲོན་བྱང་ཤར་གྱི་དཔལ་འབྱོར་ཁུལ། ཕན་ཀྲི་ཧྭའི་ནུབ་རྒྱུད་དཔལ་འབྱོར་ཁུལ་བཅས་ཕན་ཚུན་འགྲན་པའི་འཕེལ་རྒྱས་ལ་སྐུལ་མ་བཏང་ནས་སི་ཁྲོན་གྱི་ས་ཁོངས་འཕེལ་རྒྱས་གཏོང་རྒྱུ་ཉིད་ཕྱོགས་མང་མཉམ་འདེགས་ཀྱི་རྣམ་པ་ཞིག་ཆགས་པར་བྱ་རྒྱུ་དང་། “ས་ཁུལ་ལྔའི་མཐུན་སྦྱོར”འཕེལ་རྒྱས་ལ་སྐུལ་མ་ཤུགས་ཆེན་བཏང་ནས་ཁྲེང་ཏུའི་གཤོང་སའི་དཔལ་འབྱོར་ཁུལ་དང་། སི་ཁྲོན་ལྷོ་རྒྱུད་དཔལ་འབྱོར་ཁུལ། སི་ཁྲོན་བྱང་ཤར་དཔལ་འབྱོར་ཁུལ། ཕན་ཀྲི་ཧྭའི་ནུབ་རྒྱུད་ཀྱི་དཔལ་འབྱོར་ཁུལ། སི་ཁྲོན་ནུབ་བྱང་གི་སྣོད་བཅུད་དཔེ་སྟོན་ཁུལ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་རྒྱུ། ཁྲེང་ཏུའུ་དང་ཁྲེང་ཏུའུ་བསྐོར་བའི་དཔལ་འབྱོར་ཁུལ་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་རྒྱུ། དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དང་། རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ། ལེའང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་བཅས་དང་ནང་སའི་དབར་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུ། ས་ཁོངས་ནང་ཁུལ་གྱི་གྲོང་ཁྱེར(ཀྲོའུ)དབར་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུ་ཡིན་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།