འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་ས་ཆ་མང་པོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་
    ཞུས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་02ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མཚོ་སྔོན་གྱི་ས་ཆ་མང་པོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་
ཞུས་པ།
        མི་དམངས་དྲ་བའི་འཕྲིན། ལོ་ངོ་བཅུའི་སྔོན་དུ། མཚོ་སྔོན་ཟི་ལིང་ནས་ཡོང་བའི་ཝང་ཅའོ་རང་བྱུང་ཆ་རྐྱེན་བལྟོས་བཅས་ཀྱིས་ཞན་པའི་ཞིང་ཆེན་དེའི་ཁོངས་གཏོགས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ལས་ཀར་ཞུགས་པ་རེད།
        ཟླ་6ཚེས་28ཉིན། ཝང་ཅའོ་དང་ཁོང་གི་རོགས་པ་ཚོས་རྨ་ལྷོ་ཀྲོའུ་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུན་སྟོན་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པའི"ལོ་ངོ་40ལ་ཕྱི་མིག་བལྟས་ནས། དུས་རབས་གསར་པར་བསྐྱོད"ཞེས་པའི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40འཁོར་བའི་བརྗོད་གཞི་གཙོ་བོའི་རིག་རྩལ་འཁྲབ་སྟོན་ཐོག་ཏུ། 《ཀྲུང་གོའི་ཕུགས་འདུན་》ཞེས་པའི་གླུ་དབྱངས་མཉམ་དུ་བླངས་པ་རེད།
        སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40རིང་རྨ་ལྷོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད་པ་དང་། ད་ཆ་རྨ་ལྷོ་ཡི་ས་ཆ་མུའུ་རེ་རེ་ལའང་རེ་བ་དང་གོ་སྐབས་ཀྱིས་མཆིས་པ་འདི་ལོ་རྒྱུས་སུ་བྱུང་མྱོང་མེད་པ་རེད་ཅེས་རྨ་ལྷོ་ཀྲོའུ་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་མ་མིང་ཧྲེན་གྱིས་བཤད།
          མ་མིང་ཧྲེན་གྱིས་ངོ་སྤྲོད་བྱས་དོན། ལོ་40ཡི་རིང་།  རྨ་ལྷོ་ཀྲོའུ་ཡིས་ཏང་དང་རྒྱལ་ཁབ་ཀྱིས་བོད་ཁུལ་ལ་དོ་ཁུར་དང་། བོད་ཁུལ་ལ་རྒྱབ་སྐྱོར། བོད་ཁུལ་འཕེལ་རྒྱས་གཏོང་བ་བཅས་ཀྱི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དམ་འཛིན་བྱས་ནས། ཚད་བརྒལ་ལྟ་བུའི་རྨ་ལྷོ་འཕེལ་རྒྱས་དང་། རིག་གནས་ཡུལ་སྐོར་ལས་རིགས་དང་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་གཏོང་བ། ནུས་ཤུགས་ཆེན་པོས་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་གཏོང་བ་།  ཆ་འཕྲིན་ཅན་གྱི་ལས་གཞི་གོང་མཐོར་གཏོང་བ།  གྲོང་གསེབ་ཡུལ་སྐོར་དང་ཡུལ་གཞན་དུ་གནས་སྤོས།  སློབ་གསོ་དབུལ་སྐྱོར། སྨན་བཅོས་རོགས་སྐྱོར་གྱི་ལས་རིམ་སྤེལ་ནས། དབུལ་པོའི་མི་འབོར་ཉུང་དུ་གཏོང་བ་དང་།  ཞིང་འབྲོག་ཁུལ་གྱི་རྣམ་པར་འགྱུར་ལྡོག་ཆེ་བ། མང་ཚོགས་ཀྱི་ཡོང་འབབ་ཆེས་ཆེར་འཕར་བའི་དུས་སྐབས་ཞིག་ཡིན་པ་མ་ཟད་མི་རིགས་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གླུ་དབྱངས་བརྩོམས་བཞིན་ཡོད་པ་རེད།
    ༄༅།།མཚོ་སྔོན་གྱི་ས་ཆ་མང་པོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་
ཞུས་པ།
    ༄༅།།མཚོ་སྔོན་གྱི་ས་ཆ་མང་པོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་
ཞུས་པ།
      

    ཕྱོགས་བསྡུས་གསར་འགྱུར།