འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཤ་མོ་ཆུང་ཆུང་བཏབ་ནས་བདེ་སྐྱིད་འཚོ་བར་རོལ།  

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་07ཉིན། 15:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། འདི་ལོ་ལོ་31ལ་སླེབས་པའི་ཀེ་ཀྲན་ཆང་ནི་ཧོ་པེ་ཞིང་ཆེན་ཡན་ཐའེ་གྲོང་ཁྱེར་ནན་ཧོ་རྫོང་ཧོ་ཀུའུ་ཤང་ཡ་ཧུའུ་གྲོང་ཚོའི་གྲོང་མི་ཡིན་པ་དང་2008ལོར་སློབ་ཆེན་ཐོན་རྗེས་ཐེན་ཅིན་དུ་ལས་ཀར་བསྐྱོད། 2016ལོར་ཀེ་ཀྲན་ཆང་ཕ་ཡུལ་དུ་གཉེན་འཕྲད་ལ་ཡོང་སྐབས་གྲོང་ཚོའི་བྱ་གཞག་གསར་གཏོད་ཞབས་ཞུའི་ས་ཚིགས་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ཀྱིས་ཞིང་པ་ལས་མི་སོགས་ཕ་ཡུལ་དུ་ལོག་ནས་བྱ་གཞག་གསར་གཏོད་བྱེད་མཁན་ལ་རྒྱབ་སྐྱོར་བྱེད་པའི་ཚོད་ལྟའི་རྫོང་ཡིན་པའི་ནན་ཧོ་རྫོང་གིས་ཕ་ཡུལ་དུ་ལོག་ནས་བྱ་གཞག་གསར་གཏོད་བྱེད་མཁན་ལ་དམིགས་ཏེ་གཟིགས་སྐྱོང་སྲིད་ཇུས་མང་པོ་བཏོན་ཡོད་པ་རེད།
             ཀེ་ཀྲན་ཆང་གིས་བཏབ་པའི་ཤ་མོ་ཁྲོམ་རའི་ཐོག་བྲིན་ཁ་རྒྱུག་པོ་བྱུང་བ་དང་ཀེ་ཀྲན་ཆང་ཡང་གྲོང་མི་ཚོའི་མིག་ནང་གི“ཤ་མོ་འདེབས་མཁན་མཁས་ཅན”དུ་གྱུར། ཁེ་བཟང་བྱུང་བའི་ཀེ་ཀྲན་ཆང་གིས་གྲོང་ཚོའི་ནང་འགྱིག་ཤོག་དྲོད་ཁང་4བསྐྲུན་པས་ཤ་མོ་འཐུ་བའི་དུས་སུ་ཉིན་ལྟར་འགྱིག་ཤོག་དྲོད་ཁང་རེ་ནས་ཤ་མོ་སྤྱི་རྒྱ་200ཡན་འཐུ་ཐུབ་ཀྱི་ཡོད་པ་རེད།
           2018ལོའི་ལོ་འགོར་ཀེ་ཀྲན་ཆང་གིས་སྣེ་འཁྲིད་དེ་བཙུགས་པའི་ཧྥུང་ཧུའུ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གིས་ཡ་ཧུའུ་གྲོང་ཚོར་གསར་དུ་བསྐྲུན་པའི་གཅིག་སྡུད་ཡུག་འབྲེལ་གྱི་ཤ་མོའི་འགྱིག་ཤོག་དྲོད་ཁང་37ལ་དཔེ་སྟོན་སྣེ་ཁྲིད་བྱས་པས། མང་ཚོགས་དེ་བས་མང་བ་ཁྱད་ལྡན་ཐོན་ལས་དེ་ལས་འབབ་འཕར་ཕྱུག་འགྱུར་བྱུང་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།