འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཏང་ཡོན་གྱིས་ཆ་སྒྲིག་རོགས་སྐྱོར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་07ཉིན། 15:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཏང་ཡོན་གྱིས་ཆ་སྒྲིག་རོགས་སྐྱོར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ།
           མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཤིང་ཡུས་གྲོང་ཁྱེར་ཧྥིན་ཡིས་རྫོང་ཚའོ་ཁྲང་ཤང་གིས་ཏང་འཛུགས་སྐྱོང་དང་གནད་སྨིན་དབུལ་སྐྱོར་ལས་ཀ་མཉམ་འདྲེས་དང་། ཏང་ཡོན་གྱིས་དུད་ཚང་དབུལ་པོར་འབྲེལ་གཏུག་རོགས་སྐྱོར་བྱས་པ་བརྒྱུད། “གཅིག་གིས་གཅིག་ལ་རོགས་སྐྱོར”དང“གཅིག་གིས་མང་པོར་རོགས་སྐྱོར”“མང་པོས་གཅིག་ལ་རོགས་སྐྱོར”བཅས་ཀྱི་ཐབས་ཤེས་སྤྱད་དེ་དབུལ་སྒྲོལ་འགག་སྒྲོལ་ཡོང་བ་བྱས་ཡོད། མིག་སྔར་ཤང་དེར་ནུས་ཤུགས་ཡོད་པའི་ཏང་ཡོན་130ལྷག་ཙམ་གྱིས་རང་འགུལ་ངང་དུད་ཚང་དབུལ་པོར་རོགས་སྐྱོར་ཆ་སྒྲིག་བྱས་ཏེ་ཐོན་སྐྱེད་བྱེད་སྐབས་མཉམ་ལས་དང་། ལས་ཞུགས་བྱེད་སྐབས་མཉམ་འགུལ། སྙིང་སྟོབས་ཆེར་སྐྱེད་སོགས་ཀྱི་ཐབས་ལམ་བརྒྱུད་དུད་ཚང་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དཀའ་གནད་ཧུར་ཐག་སེལ་རོགས་བྱས་ཤིང་། གོང་གི་པར་རིས་ནི་2018ལོའི་ཟླ་7ཚེས་4ཉིན་ཅང་ཤིས་ཞིང་ཆེན་ཤིང་ཡུས་གྲོང་ཁྱེར་ཧྥིན་ཡིས་རྫོང་ཚའོ་ཁྲང་ཤང་གི་ཏང་ཡོན་དང་བླངས་པས་ཁྲེ་ཧྲེང་གྲོང་ཚོའི་དུད་ཚང་དབུལ་པོ་ཧུའུ་ཁྲོན་ཧྲེང་གི་གྲུའུ་སུན་ཤ་མོ་འདེབས་འཛུགས་ཀྱི་དྲོད་ཁང་ཆེ་མོའི་ནང་ཤ་མོ་འཐུ་རོགས་བྱས་ནས་ཁོང་གི་ཁྱིམ་ལ་ངལ་རྩོལ་ནུས་ཤུགས་མི་འདང་བའི་དཀའ་ངལ་སེལ་རོགས་བྱེད་བཞིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།