འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཁྲི་ཀ་རྫོང་དུ་ཁྱིམ་ཚང་གི་སྨན་པ་དང་གྲོང་ཚོའི་ལས་བྱེད་པས་མི་འབོར་དབུལ་པོ་དང
    "གན་རྒྱ་ཁག་གཉིས"བཞག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་15ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་ནས་ཤེས་རྟོགས་བྱུང་བར། བདེ་ཐང་དབུལ་སྐྱོར་ལས་དོན་ཁྲོད་ཁྲི་ཀ་རྫོང་གིས་ཁྱིམ་ཚང་སྨན་པ་དང་གྲོང་ཚོའི་ལས་བྱེད་པའི་ནུས་པ་འདོན་སྤེལ་བྱས་ནས་མི་འབོར་དབུལ་པོ་དང“གན་རྒྱ་ཁག་གཉིས”བཞག་ནས་བདེ་ཐང་ཐད་དོ་དམ་བྱེད་མཁན་ཡོད་པ་དང་འགན་ལེན་བྱེད་མཁན་ཡོད་པ་བྱས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་ཞིབ་ཚགས་དང་ཏན་ཏིག་བསྒྲུབས་ཐོག་བདེ་ཐང་དབུལ་སྐྱོར་སྲིད་ཇུས་ཀྱི་ཕན་འབྲས་ཐོན་པའི་འགན་ལེན་བྱས་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། ཁྲི་ཀ་རྫོང་གིས“1+1+1”གི་སྡེབ་སྒྲིག་རྣམ་པའི་གན་འཇོག་ཞབས་ཞུའི་དཔེ་དབྱིབས་སྤྱད་དེ་གྲོང་གསེབ་ཀྱི་སྨན་པ་དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་མཁོ་ཆོད་སྨན་པ་དཀའ་བཅུ་པ། རྫོང་རིམ་པའི་སྨན་ཁང་གི་ཆེད་ལས་ཚན་པའི་སྨན་པ་བཅས་ཧྲག་སྒྲུག་བྱས་ནས་ཁྱིམ་ཚང་གི་སྨན་པའི་གན་འཇོག་ཞབས་ཞུའི་དཔུང་ཁག་བཙུགས་པ་དང་དྲ་མིག་ཅན་གྱི་དོ་དམ་དཔེ་དབྱིབས་བརྒྱུད་ནད་ཕོག་ནས་དབུལ་པོ་ཆགས་པ་དང་ནད་ཕོག་ནས་བསྐྱར་དུ་དབུལ་པོ་ཆགས་པའི་མང་ཚོགས་ལ“གཅིག་རོགས་གཅིག་སྐྱོར”གྱི་གན་རྒྱ་བཞག་སྟེ“མིར་བསྟུན་ནས་ཐབས་ཇུས་འདོན་པ་དང་ནད་གཞིར་བརྟེན་ནས་ཐབས་ཇུས་འདོན་པའི”རྩ་དོན་གཞིར་བཟུང་དུད་ཚང་དང་མི་རེ་རེ་བཞིན་རང་གཤིས་ཅན་གྱི་གན་འཇོག་ཞབས་ཞུའི་གྲོས་མཐུན་བཞག་པ་དང་དགོས་མཁོར་གཞིགས་ནས་སྒོ་ཁར་འཚམས་འདྲི་དང་། བདེ་ཐང་ཚོད་སྐོར། བདེ་ཐང་བློ་འདྲི། སྨན་བཅོས་ནད་སྐྱོང་བདེ་ཐང་སླར་གསོ་སོགས་ཀྱི་ཞབས་ཞུ་བྱས་པ་རེད། ངོས་བཟུང་ཐུབ་པའི་ནད་ཆེན་དང་། གཅོང་ནད། ནད་གཞི་ཚབས་ཆེན་བཅས་ཕོག་པའི་ནད་པ་བདེ་ཐང་དབུལ་སྐྱོར་འདུ་འགོད་ཀྱི“ཁག་གཅིག་རེ་གསུམ”གྱི་འགན་ལེན་ཁྱབ་ཁོངས་ནང་བཅུག་པ་དང་གན་འཇོག་ཞབས་ཞུའི་དཔུང་ཁག་གིས་མི་འབོར་དབུལ་པོའི་བདེ་ཐང་གི་ད་ལྟའི་གནས་བབ་དང་དགོས་མཁོ་ལྟར་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སྨན་བཅོས་སྐྱོབ་བཅོས་ཇུས་གཞི་བཟོས་ཏེ་རིམ་པ་དབྱེ་ནས་གནས་གཏན་འཁེལ་གྱི་སྐྱོབ་བཅོས(གོང་རིམ་དུ་སྨན་བཅོས་བྱེད་པར་སྒྱུར་བ་དང་། རིམ་པ་དེ་གར་སྨན་བཅོས་བྱེད་པ། གཤམ་རིམ་དུ་བདེ་ཐང་སླར་གསོའི་སྨན་བཅོས་བྱེད་པར་སྒྱུར་བ་བཅས་སོ)བྱས་པ་རེད།
          ཁྲི་ཀ་རྫོང་གིས་གྲོང་གསེབ་ཀྱི་ལས་བྱེད་པའི་སྲིད་ཇུས་འགན་ལེན་གྱི་གན་འཇོག་ཞབས་ཞུའི་ལམ་ལུགས་བཟོས་ཏེ་སྲིད་འཛིན་གྲོང་ཚོའི་ཁོངས་གཏོགས་ཁུལ་དོ་དམ་རྩ་དོན་གཞིར་བཟུང་གྲོང་གསེབ་ཀྱི་ལས་བྱེད་པས་ཁོངས་གཏོགས་ཁུལ་ནང་གི་ནད་ཕོག་ནས་དབུལ་པོ་ཆགས་པ་དང་ནད་ཕོག་ནས་བསྐྱར་དུ་དབུལ་པོ་ཆགས་པའི་མང་ཚོགས་དང་“གཅིག་རོགས་གཅིག་སྐྱོར”གྱི་གན་རྒྱ་བཞག་སྟེ་བདེ་ཐང་དབུལ་སྐྱོར་སྲིད་ཇུས་སྒྲོག་འགྲེལ་དང་སྨན་བཅོས་འགན་བཅོལ་གྱི་འགྲོ་གྲོན་རྩིས་ཞུ་དང་། ནད་ཆེན་འགན་བཅོལ། དམངས་སྲིད་སྐྱོབ་རོགས་སོགས་ཀྱི་ཚབ་སྒྲུབ་ཞབས་ཞུ་བྱས་ནས་མང་ཚོགས་ཀྱི་སྨན་བཅོས་བྱས་པའི་འགྲོ་གྲོན་རྩིས་ཞུའི་གནད་དོན་ཐག་གཅོད་བྱས་པ་རེད། གན་འཇོག་ལས་བྱེད་པར་ཁོངས་གཏོགས་ཁུལ་ནང་གི་དུད་ཚང་ཚང་མའི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་ཁྱིམ་ཚང་གི་ཡོང་འབབ་དང་གཏོང་སྒོ་དང་། ནད་གཞིའི་ཁུར་པོ། སྲིད་ཇུས་ཀྱི་ཁ་གསབ་རོགས་སྐྱོར་དོན་འཁྱོལ་བྱས་ཚུལ་བཅས་ཚུད་པའི་ནད་ཕོག་ནས་དབུལ་པོ་ཆགས་པ་དང་བསྐྱར་དུ་དབུལ་པོ་ཆགས་དོན་ཤེས་རྟོགས་ཞིབ་ཕྲ་བྱ་རྒྱུའི་བླང་བྱ་བཏོན་པ་རེད། སྨན་ཁང་བསྒྱུར་ནས་སྨན་བཅོས་བྱེད་དགོས་པའི་ཡིག་ཚགས་དང་གཱ་བཟོས་པའི་ནད་པ་དབུལ་པོར་ཁྱིམ་ཚང་གི་སྨན་པའི་གན་འཇོག་དཔུང་ཁག་དང་འབྲེལ་གཏུག་བྱེད་རོགས་བྱས་ཏེ་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་སྐྱོབ་རོགས་སོགས་ཀྱི་ཁ་གསབ་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་གཞོགས་འདེགས་བྱས་པ་རེད། ཁྱིམ་ཚང་དུ་ངལ་རྩོལ་ནུས་ཤུགས་མེད་པ་དང་། ལོ་ན་མཐོ་བ། དབང་པོ་སྐྱོན་ཅན། རྐང་ལག་ཐང་པོ་མེད་པའི་དམིགས་བསལ་ནད་པ་དབུལ་པོར་འགྲོ་གྲོན་རྩིས་ཞུ་དང་ཁ་གསབ་ཀྱི་འབྲེལ་ཡོད་དཔྱད་གཞིའི་འགྲོ་ལུགས་གཉེར་བའི་ལས་དོན་སྒྲུབ་རོགས་བྱས་ཏེ་ནད་པ་དབུལ་པོས་ལོངས་སྤྱོད་བྱེད་དགོས་ངེས་ཀྱི་འབྲེལ་ཡོད་ཁ་གསབ་རོགས་སྐྱོར་སྲིད་ཇུས་ལོངས་སྤྱོད་བྱེད་གང་ཐུབ་བྱས་པ་རེད།
          དུས་མཚུངས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་དང་གན་འཇོག་ཞབས་ཞུ་དང་ཟུང་འབྲེལ་བྱས་ནས“ཚོས་མདོག་སྣ་བཞིའི་དོ་དམ་བྱེད་ཐབས”ལག་བསྟར་བྱས་ཏེ་མི་འབོར་དབུལ་པོའི་བདེ་ཐང་ཡིག་ཚགས་ཞིབ་ཚགས་ཅན་གྱི་དོ་དམ་བྱས་ནས་མི་འབོར་དབུལ་པོ་ཚང་མ་དང་སྤྱིར་བཏང་མི་ཚོགས་ཀྱི་ཡིག་ཁུག་ཚང་མ་ཡིག་ཚགས་སྒམ་ལ་བརྗེས་ནས་སྒམ་ཆུང་དུ་ནད་པའི་མིང་དང་གྲོང་ཚོའི་མིང་འཁོད་པ་དང་འབྲེལ་དམར་པོ་དང་། ལྗང་ཁུ། སེར་པོ། སྔོན་པོ་བཅས་ཚོས་མདོག་སྣ་བཞི་སྤྱད་དེ་མི་ཚོགས་མི་འདྲ་བ་དབྱེ་བ་དང“ཚོས་མདོག་སྣ་བཞིའི་དོ་དམ་བྱེད་ཐབས”ལག་བསྟར་བྱས་པ་བརྒྱུད་སྨན་དོན་མི་སྣས་ཚོས་མདོག་ལ་བརྟེན་ནས་དེ་བས་མྱུར་བ་དང་དེ་བས་ཐད་ཀར་ནད་པའི་གཟུགས་གཞིའི་གནས་ཚུལ་ཤེས་རྟོགས་ཐུབ་ཐོག་ཞབས་འདེགས་ཞུ་རྒྱུར་སྟབས་བདེ་བསྐྲུན་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་ཡོངས་ཀྱི་རིམ་ཁག་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་གྲོང་སྡོད་ལས་དོན་ཚོགས་ཆུང་གིས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་སྒྲོག་འགྲེལ་བྱེད་པ་དང་། དྲིལ་བསྒྲགས་དངོས་རྫས་སྤྲོད་པ། མི་འབོར་དབུལ་པོའི་བདེ་ཐང་གཱ་བཟོ་བ་སོགས་ཀྱི་རྣམ་པ་བརྒྱུད་བདེ་ཐང་དབུལ་སྐྱོར་སྲིད་ཇུས་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་པ་རེད། བདེ་ཐང་དབུལ་སྐྱོར་སྲིད་ཇུས་ཀྱི་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་གཞི་རིམ་ལས་བྱེད་པ་དང་གྲོང་སྡོད་ལས་དོན་ཚོགས་ཆུང་ལ་བདེ་ཐང་དབུལ་སྐྱོར་སྲིད་ཇུས་བྱེད་ཐབས་དང་སྨན་བཅོས་འགན་བཅོལ་སྲིད་ཇུས་གཅིག་སྡུད་གསོ་སྦྱོང་བྱས་པས་གཞི་རིམ་ལས་བྱེད་མང་ཚོགས་ཀྱིས་བདེ་ཐང་དབུལ་སྐྱོར་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་95%ཟིན་པ་རེད། “སྨན་བཅོས་ཞབས་ཞུའི་ཐུན་མོང་སྒྲིག་གཞིའི”ལེགས་ཆ་འདོན་སྤེལ་བྱས་ཏེ་མང་ཚོགས་ལ་བདེ་ཐང་འགན་ལེན་བྱས་པ་རེད། རྫོང་སྨན་ཁང་དང་རྫོང་རིམ་པའི་སྤྱི་པའི་འཕྲོད་བསྟེན་སྒྲིག་གཞིའི་དོ་དམ་གྱི་འཇོན་ཐང་དང་ལས་སྒོའི་ལག་རྩལ་འཇོན་ཐང་གི་ལེགས་ཆ་འདོན་སྤེལ་བྱས་ཏེ་དོ་དམ་ཚད་ལྡན་བཟོས་པ་དང་བརྒྱུད་རོགས་འཁྲིད་གསུམ་ཡག་པོ་བྱས་ནས་ལག་རྩལ་ཞབས་ཞུ་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་མཉམ་དུ་འཕེལ་རྒྱས་དང་མཉམ་དུ་སྐུལ་འདེད་བཏང་ཐུབ་ཡོད། དུས་མཚུངས་ཁྲི་ཀ་རྫོང་སྨན་ཁང་གིས་མ་དངུལ་སྒོར་ཁྲི་30ཙམ་བཏང་ནས་རྒྱང་ཁྲིད་ལྷན་འཛོམས་ནད་དཔྱད་མ་ལག་འཐུས་སྒོ་ཚང་དུ་བཏང་བ་དང་ཤང་གྲོང་འཕྲོད་བསྟེན་ཁང་8དང་འབྲེལ་མཐུད་བྱས་ཏེ་གསོ་རིག་ཞིབ་དཔྱད་ལྟེ་གནས་དང་བརྙན་པར་ལྟེ་གནས་བཙུགས་ཏེ་གཞི་རིམ་འཕྲོད་བསྟེན་སྒྲིག་གཞི་དང་ཆ་འཕྲིན་འབྲེལ་མཐུད་སྒོས་མཉམ་སྤྱོད་ཐུབ་པ་བྱས་པ་རེད། དུས་བཀག་ལྟར་ཆེད་མངགས་མི་སྣས་གནས་གཏན་འཁེལ་གྱི་ནད་གཞི་གྲོས་བསྡུར་དང་། དུས་བཀག་ལྟར་ནད་ཁང་བཤེར་བ། ཤེས་བྱ་འཆད་ཁྲིད། རྒྱང་ཁྲིད་སྨན་བཅོས་ཀྱི་ལྷན་འཛོམས་ནད་དཔྱད(ནད་གཞི་ཚབས་ཆེན)སོགས་ཀྱི་ལས་དོན་སྤེལ་བ་བརྒྱུད་གཞི་རིམ་སྨན་བཅོས་སྒྲིག་གཞིའི་ཞབས་ཞུའི་འཇོན་ཐང་ནུས་ལྡན་ངང་ཆེ་རུ་བཏང་བ་དང་། མང་ཚོགས་སྨན་བཅོས་བྱེད་པར་སྟབས་བདེ་བསྐྲུན་ཐོག“ཕྱོགས་གཉིས་ཀྱི་སྨན་བཅོས་བྱ་ཡུལ་སྒྱུར་བ་དང་གཞི་རིམ་དུ་ཐོག་མར་སྨན་བཅོས་བྱེད་པའི”བཀོད་པ་རིམ་བཞིན་ཆགས་པ་རེད།
          བསྡོམས་རྩིས་ནང་མངོན་པར་གཞིགས་ན། “གན་རྒྱ་ཁག་གཉིས”འཇོག་པའི་ཞབས་ཞུ་ལག་བསྟར་བྱས་ཚུན་ཁྲི་ཀའི་རྫོང་ཡོངས་ཀྱི་མང་ཚོགས་དབུལ་པོས་དུས་ཐོག་དང་། ལས་རིམ་ཧྲིལ་པོ། ཚགས་ཚུད་པ་བཅས་ཀྱི་བདེ་ཐང་དོ་དམ་ཞབས་ཞུ་དང་། མྱུར་ཞིང་གནད་ལ་འཁེལ་བའི་གོང་རིམ་ཆེད་ལས་ཚན་ཁག་གི་སྨན་པའི་གནས་གཏན་འཁེལ་གྱི་སྐྱོབ་བཅོས་ཞབས་ཞུ། ཆ་ཚང་ལ་སྟབས་བདེ་བའི་སྨན་བཅོས་འགན་བཅོལ་གྱི་འགྲོ་གྲོན་རྩིས་ཞུའི་ཞབས་ཞུ་བཅས་ལོངས་སྤྱོད་ཐུབ་ནས་ཐོབ་ཚོར་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ཡོད། མིག་སྔར་ཁྲི་ཀ་རྫོང་གིས་ཁྱིམ་ཚང་སྨན་པའི་དཔུང་ཁག་ཁྱོན་25བཙུགས་པར་མི་174ཡོད་པ་དང་། གྲོང་ཚོའི་ལས་བྱེད་པའི་གན་འཇོག་ཞབས་ཞུའི་དཔུང་ཁག་122བཙུགས་པ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་11767དང་གན་རྒྱ་བཞག་པ་དང་འབྲེལ་གློག་རྡུལ་བདེ་ཐང་ཡིག་ཚགས་བཟོས་པར་གཅོང་ནད་ཀྱི་གན་རྒྱ་གཉིས་འཇོག་ཚད་100%ཟིན་པ། གློག་རྡུལ་བདེ་ཐང་ཡིག་ཚགས་ཁྱབ་ཚད་100%ཟིན་པ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ནད་པ་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་དངོས་སུ་རྩིས་ཞུ་བྱེད་པའི་བསྡུར་ཚད་91.4%ཟིན་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།