འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་བོད་རིགས་དམངས་ཁྲོད་ཀྱི་གཏམ་རྒྱུད་འགུལ་རིས་ཐོག་མ་བརྙན་འཕྲིན་ཐོག་སྟོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་15ཉིན། 12:41】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་13ཉིན། བོད་ལྗོངས་ཀྱི་མུ་འབྲེལ་འགུལ་རིས་རིང་གྲས་《ཨ་ཁུ་སྟོན་པ་》ཕབ་ལེན་སྒྲིག་བཟོ་ཟིན་ནས། བོད་སྐད་ལམ་ནས་ཟླ་6ཚེས་14ཉིན་བོད་ལྗོངས་བོད་སྐད་བརྙན་འཕྲིན་ཐོག་ཏུ་ཐོག་མར་སྟོན་པ་དང་། རྒྱ་སྐད་ལམ་ནས་2019ལོར་ནང་སའི་བརྙན་འཕྲིན་ལས་ཁུངས་ཐོག་སྟོན་རྒྱུ་ཡིན་པ་རེད།
          བོད་ལྗོངས་ཐེན་ལི་ཚོགས་པ་འགུལ་རིས་ལྟེ་གནས་ཀྱི་གཙོ་སྐྲུན་བྱེད་པའི་འགུལ་རིས་འདི་ནི་བོད་ལྗོངས་ཀྱི་མི་ཚང་མས་ཤེས་པའི་བློ་གྲོས་ཅན“ཨ་ཁུ་སྟོན་པའི་སྒྲུང”རྒྱབ་ལྗོངས་སུ་བྱས་ནས། ཨ་ཁུ་སྟོན་པས་བློ་གྲོས་ལ་བརྟེན་ནས་འབུལ་པོར་རོགས་རམ་བྱས་ཏེ་དཀའ་ངལ་སྒྲོལ་བའི་གཏམ་རྒྱུད་བརྗོད་ཐོག མི་སྣ་གཙོ་བོར་བློ་གྲོས་ལྡན་པ་དང་སེམས་པ་བཟང་བ། དཔའ་ངར་ཆེན་ལ་དགོད་བྲོ་བའི་ཐུན་མོང་མ་ཡིན་པའི་རང་གཤིས་མཚོན་ཡོད། ཨ་ཁུ་སྟོན་པ་ནི་བོད་ལྗོངས་ཀྱི“ཨ་ཕན་ཏ”ཞེས་གྲགས།
      

    ཕྱོགས་བསྡུས་གསར་འགྱུར།