འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོ་རེ་ཡ་ལྷོ་བྱང་གཉིས་ཀྱིས་ལོ་བཅུ་འགོར་རྗེས་སླར་མཐོ་རིམ་དམག་དོན་གྲོས་མོལ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་15ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཁོ་རེ་ཡ་ལྷོ་བྱང་གཉིས་ཀྱིས་ལོ་བཅུ་འགོར་རྗེས་སླར་མཐོ་རིམ་དམག་དོན་གྲོས་མོལ་བྱེད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་14ཉིན། ཁོ་རེ་ཡ་ལྷོ་མའི་རྒྱལ་སྲུང་སྡེ་ཁག་གིས་གསལ་བསྒྲགས་སྤེལ་བ་སྟེ། ཁོ་རེ་ཡ་ལྷོ་བྱང་གཉིས་ཀྱིས་ཉིན་དེར་པན་མོན་ཏེན་དུ་མཐོ་རིམ་དམག་དོན་གྲོས་མོལ་སྤེལ་བ་དང་། ཁོ་རེ་ཡ་བྱང་མའི་ཕྱེད་གླིང་གི་ཤར་ནུབ་མཚོ་ཁོངས་དམག་དོན་འཕྲིན་གཏོང་སྐུད་ལམ་སླར་གསོ་ལ་གཅིག་མཐུན་བྱུང་ཡོད་པ་རེད། ཐེངས་འདིའི་གྲོས་མོལ་ནི་ཕྱོགས་གཉིས་ཀྱིས་ལོ་ངོ་10དང་ཟླ་6གི་འགོར་རྗེས་སུ་སླར་དམག་དོན་གྲོས་མོལ་བྱས་པ་ཞིག་རེད།
         ཐེངས་འདིའི་ཁོ་རེ་ཡ་ལྷོ་བྱང་གི་མཐོ་རིམ་དམག་དོན་གྲོས་མོལ་ནི་པན་མོན་ཏེན་ཁོ་ར་ཡ་བྱང་མའི་ཕྱོགས"ཐུང་དབྱི་ཀོ"ཏུ་སྤེལ་བ་རེད། ཁོ་རེ་ཡ་ལྷོ་བྱང་གཉིས་ཀྱིས་《པན་མོན་ཏེན་གྱི་བསྒྲགས་གཏམ་》དང་འབྲེལ་ཡོད་ནང་དོན་དོན་འཁྱོལ་བྱེད་པ་སྟེ། ཕྱེད་གླིང་གི་དམག་དོན་ཛ་དྲག་ཆེ་བ་དེ་ཇི་ལྟར་ཞི་ལྷོད་གཏོང་བར་གྲོས་མོལ་བྱས་ཡོད་པ་རེད། ཁོ་རེ་ཡ་ལྷོ་མའི་རྒྱལ་སྲུང་སྡེ་ཁག་གིས་གསལ་བསྒྲགས་སྤེལ་བར་གཞིགས་ན། ཁོ་རེ་ཡ་ལྷོ་བྱང་གཉིས་ཀྱིས་ཕྱེད་གླིང་གི་ཤར་ནུབ་མཚོ་ཁོངས་ཀྱི་དམག་དོན་འཕྲིན་གཏོང་སྐུད་ལམ་སླར་གསོ་བྱ་རྒྱུ་ལ་གཅིག་མཐུན་བྱུང་ཡོད་པ་རེད། 
         ཁོ་རེ་ཡ་ལྷོ་བྱང་གཉིས་ཀྱིས་ད་དུང་། མུ་མཐུད་དུ་གྲོས་མོལ་བརྒྱུད་ནས་ཕྱོགས་གཉིས་ཀྱིས་ཐེངས་འདིའི་གྲོས་མོལ་རིང་ལ་ལས་དོན་གྱི་ནང་དོནཁག་བཏོན་ནས་ཐག་གཅོད་བྱ་རྒྱུ་ཡིན་པ་རེད། 
    ༄༅།།ཁོ་རེ་ཡ་ལྷོ་བྱང་གཉིས་ཀྱིས་ལོ་བཅུ་འགོར་རྗེས་སླར་མཐོ་རིམ་དམག་དོན་གྲོས་མོལ་བྱེད་པ།
      

    ཕྱོགས་བསྡུས་གསར་འགྱུར།