༄༅།།རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་
ཀྲེན་ཀྲོའུ་རུ་གཉེར་རྒྱུ་ཡིན་པ།
གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 06ཚེས་15ཉིན། 11:20】 (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)
མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་13ཉིན་གསར་འགོད་པས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས། ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་པེ་ཅིང་དུ་སྐོང་ཚོགས་བྱས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས(གཤམ་དུ་ལུས་རྩལ་འགྲན་ཚོགས་ཞེས་བསྡུ་རྒྱུ)སྐབས་བཅུ་གཅིག་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱས་པ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། 2019ལོའི་ཟླ་9ཚེས་8ནས་ཚེས་16ཉིན་བར་ཧོ་ནན་གྱི་ཀྲེན་ཀྲོའུ་གྲོང་ཁྱེར་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་གཉེར་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པས“དུས་རབས་གསར་པར་འབད་འཐབ་བྱེད། ཀྲུང་ཡོན་སྔར་བས་གཟེངས་སུ་ཐོན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། འཚོག་ཡུན་ཉིན་14ཡི་ནང་འགྲན་བསྡུར་བྱེད་ཡུན་ཉིན་9ཡིན། ཤོག་སྦག་མེ་ཏོག་དང་། དཔྱངས་ཐག གཉའ་རྩལ་འགྲན་བསྡུར། མི་རིགས་ཀྱི་དྲག་རྩལ། མི་རིགས་ཀྱི་སྦེ་ག མི་རིགས་ཀྱི་རྟ་རྩལ། མི་རིགས་ཀྱི་ལུས་སྦྱོང་སོགས་འགྲན་བསྡུར་རྣམ་གྲངས་17དང་འཁྲབ་སྟོན་རྣམ་གྲངས་དུ་མ་བཅས་ཡོད་པ་རེད། འགྲན་ཞུགས་པ་ཁྱོན་10000ལྷག་ཡོད་ཅིང་། རྟ་རྩལ་རྣམ་གྲངས་ནི་2019ལོའི་ཟླ་7ཚེས་12ཉིན་ནས་17ཉིན་བར་ནང་སོག་རང་སྐྱོང་ལྗོངས་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་དུ་འགྲན་བསྡུར་བྱེད་རྒྱུ་གཏན་འཁེལ་བ་རེད།