འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།པད་མ་རྫོང་གི་ངོ་མཚར་ལྡན་པའི་རུམ་འཐག་ལག་རྩལ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་15ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། སྤུས་ལེགས་ཀྱི་ས་གདན་དང་འགེལ་རུམ། བཟོ་དབྱིབས་མཛེས་པའི་རླངས་འཁོར་ནང་གི་ཁ་གདན་བཅས་ཀྱིས་གཟིགས་མོ་བའི་ཡིད་བརྟན་ཅིག་ཅར་དུ་འཕྲོག་2018ལོའི་ཀྲུང་གོའི(མཚོ་སྔོན)བོད་རུམ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་རིང་། དངོས་གཞིའི་འགྲེམས་སྟོན་ཁུལ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡི་འགྲེམས་ཁུལ་དུ་སྤུས་ལེགས་ཀྱི་མི་རིགས་ལག་ཤེས་ཐོན་རྫས་ཀྱིས་ཚོང་པ་དང་གྲོང་མི་མང་པོའི་ཡིད་དབང་བཀུག
          “དེ་དག་ནི་མགོ་ལོག་ཀྲོའུ་པད་མ་རྫོང་པད་མ་བོད་རུམ་བཟོ་གྲྭའི་ཐོན་རྫས་ཡིན་པ་དང་ཚང་མ་ས་གནས་དེ་གའི་ཞིང་འབྲོག་པ་དབུལ་པོས་ནེ་པ་ལའི་ལག་རྩལ་པའི་ས་ནས་སྦྱངས་ཏེ་འཐག་པ་ཤ་སྟག་རེད”ཅེས་འགྲེམས་ཁུལ་ལས་དོན་མི་སྣས་གསར་འགོད་པར་བཤད།
          པད་མ་རྫོང་པད་མ་བོད་རུམ་བཟོ་གྲྭ་ནི་པད་མ་རྫོང་གི་ལས་གཏོད་གསོ་སྐྱོང་རྟེན་གཞིར་གནས་པ་དང་། 2017ལོའི་ཟླ་6པར་བཙུགས་ནས་ཡུན་རིང་མ་སོང་ཡང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། བོད་རུམ་བཟོ་གྲྭ་དེར་ལས་བཟོ་8ཡོད་པ་དེའི་ནང་3ནེ་པ་ལ་ནས་ཡིན་པ་དང་། གཞན་དག་5ནི་པད་མ་རྫོང་གི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་རེད། “ང་ཚོས་པད་མ་རྫོང་གི་ས་གནས་འདི་གའི་བོད་རུམ་བཟོ་རྩལ་དང་ཟུང་འབྲེལ་བྱས་པའི་རྨང་གཞིའི་ཐོག་ནེ་པ་ལའི་བོད་རུམ་ལས་སྣོན་གྱི་སྲོལ་རྒྱུན་ཐོན་སྐྱེད་བཟོ་རྩལ་སློབ་སྦྱོང་དང་མཉམ་འདྲེས་བྱས་པར་ལག་ཤེས་རུམ་འཐག་ཅིག་ཆགས་ཡོད། དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་མི་རིགས་སྲོལ་རྒྱུན་ལག་ཤེས་དང་སྤུས་ལེགས་ཐོན་རྫས་ལ་རྒྱ་ཆེའི་འཛད་སྤྱོད་པའི་དགའ་བསུ་ཐོབ་ཡོད”ཅེས་འགྲེམས་ཁུལ་གྱི་ལས་དོན་མི་སྣས་བཤད།
          “བོད་རུམ་བཟོ་གྲྭ་བཙུགས་པ་བརྒྱུད། པད་མ་རྫོང་དང་ཕྱི་ཕྱོགས་ཀྱི་ཁྲོམ་རའི་དབར་འབྲེལ་བ་ཐུབ་ནས་ཞིང་འབྲོག་པ་དབུལ་པོ་སྣེ་ཁྲིད་ཐུབ་པ་དང་བོད་རུམ་ཀྱི་སྲོལ་རྒྱུན་ལག་ཤེས་གང་སར་ཁྱབ་པ་བྱས་ཏེ། མང་ཚོགས་ཀྱི་ལས་ཞུགས་ཐག་གཅོད་ཐུབ་པ་དང་། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་ཕུད། བོད་རུམ་རིག་གནས་མི་ཚོགས་དེ་བའི་མང་བའི་ཁྲོད་བརྒྱུད་བསྒྲགས་བྱ་རྒྱུ་ཡིན”ཞེས་པད་མ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་བཤད།
          རྒྱུ་གཙང་སྤུས་གཙང་གི་བོད་རུམ་ཞིག་ལ་ལོ་ངོ་སྟོང་གི་རྒྱུན་འཛིན་བྱས་ཡོད། དེ་སྔོན་བོད་རུམ་ནི་བོད་རིགས་མང་ཚོགས་ཀྱི་འཚོ་བའི་མཁོ་ཆས་ཡིན་པ་དང་། ད་ཆ་བོད་རུམ་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པ་དང་ས་ཁུལ་དེ་དཔལ་འབྱོར་གྱི་གར་སྟེགས་ཆེན་པོ་ཞིག་ཏུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བའི་རྩ་ཆེའི་ནོར་བུ་ཞིག་ཏུ་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།