འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་
    འགལ་བའི་གནད་དོན་ཁག་བརྒྱད་དམར་འདོན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་14ཉིན། 12:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་ཁག་8ཡོངས་བསྒྲགས་ངང་དམར་འདོན་བྱས་པ་དང་དཔེ་མཚོན་གནད་དོན་ཁག་བརྒྱད་དེ་དག་ནི།
          ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཏང་ཨུད་ལས་ཁུངས་ཀྱི་ལས་དོན་དོ་དམ་ཅུས་ཀྱི་ཅུས་ཀྲང་ཝུའུ་ཅིས་པིན་གྱིས་སྒྲིག་འགལ་ངང་གཞུང་དངུལ་སྤྱད་པའི་གསོལ་སྟོན་དང་ལེན་ཞུས་པའི་གནད་དོན་དང་། ཧོ་ནན་ཞིང་ཆེན་གནམ་གཤིས་ཅུས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་ཀྲའོ་གོ་ཆང་གིས་ཚད་གཞི་ལས་བརྒལ་བའི་གཞུང་དོན་སྣེ་ལེན་དང་ལེན་ཞུས་པའི་གནད་དོན། ཅི་ལིན་ཞིང་ཆེན་ཅི་ལིན་གྲོང་ཁྱེར་ལུང་ཐན་ཆུས་ཤིན་ཅི་ལིན་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཤན་ཕུང་གིས་སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་ཟ་རྒྱགས་སྤྱོད་གསུམ་བྱས་པའི་གནད་དོན། ཀྲེ་ཅང་ཞིང་ཆེན་དབུན་ཀྲོའུ་གྲོང་ཁྱེར་ཨོའུ་ཧའེ་ཆུས་ཚོང་དོན་ཅུས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི་ཆུས་འབྲུ་རིགས་ཅུས་ཀྱི་དེ་སྔའི་ཅུས་ཀྲང་གཞོན་པ་ཏའེ་ཝེ་ཀྲུང་གིས་དོ་དམ་ཞབས་ཞུ་བྱ་ཡུལ་གྱིས་བཀོད་སྒྲིག་བྱས་པའི་ཡུལ་སྐོར་དང་ལེན་ཞུས་པའི་གནད་དོན། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཅང་ཧན་ཆུས་ཁྲང་ཆིང་ཁྲོམ་གཞུང་གི་ཏང་གི་ལས་དོན་ཨུ་ལྷན་གྱི་དེ་སྔའི་ཧྲུའུ་ཅི་གཞོན་པ་དོན་གཅོད་ཁྲུའུ་ཡི་དེ་སྔའི་ཀྲུའུ་རེན་དབྱི་ཀན་ཅུན་གྱིས་སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་ཟ་རྒྱགས་སྤྱོད་གསུམ་བྱས་པ་སོགས་ཀྱི་གནད་དོན། ཧུའུ་ནན་ཞིང་ཆེན་ཀྲུའུ་ཀྲོའུ་གྲོང་ཁྱེར་གྲོང་ཁྱེར་འཕེལ་རྒྱས་ཚོགས་པའི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཏུང་ཧྲི་ཀྲང་ལེའོ་ཧུའེ་ཡིས་སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་བླངས་པ་སོགས་ཀྱི་གནད་དོན། སི་ཁྲོན་ཞིང་ཆེན་སུའེ་ཉིང་གྲོང་ཁྱེར་ཏ་དབྱིང་རྫོང་ཧོ་པན་གྲོང་རྡལ་པོ་སི་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝང་ཆིང་ཧྲེང་གིས་བུའི་གཉེན་སྒྲིག་གི་སྟོན་མོ་བཤམས་པར་བརྟེན་ནས་སྒྲིག་འགལ་ངང་འབུལ་རྟེན་བླངས་པའི་གནད་དོན། ཀོང་ཏ་དངུལ་ཁང་ཧུ་ཧེ་ཧའོ་ཐེ་ཡན་ལག་དངུལ་ཁང་གི་ལས་གཉེར་པུའུ་ཡི་དེ་སྔའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་ལི་ཅུན་གྱིས་གཞུང་དངུལ་སྤྱད་དེ་ཕྱི་རྒྱལ་དུ་ཡུལ་སྐོར་དུ་ཕྱིན་པའི་གནད་དོན་བཅས་རེད།
          ཀྲུང་དབྱང་སྒྲིག་ཨུད་ཀྱི་འབྲེལ་ཡོད་འགན་ཁུར་བས་བསྟན་དོན། གོང་གསལ་གྱི་གནད་དོན་ཁག་བརྒྱད་ཕལ་ཆེ་བ་2017ལོའི་རྗེས་སུ་ཐོན་པ་དང་ལ་ལ་ཐ་ན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་རྗེས་སུ་ཐོན་ཡོད། གནད་དོན་དེ་དག་ལས་དམ་བསྒྲགས་རྣམ་པའི་འོག་ས་གནས་ཁ་ཤས་དང་ཚན་པ་ཁ་ཤས་དང་ལྷག་པར་དུ་གཞི་རིམ་གྱི་ཚན་པ་ཉུང་ཤས་སུ་གནོན་ཤུགས་བརྒྱུད་སྤྲོད་བྱ་རྒྱུ་གནད་ལ་མ་འཁེལ་བས་ཏང་ཡོན་ལས་བྱེད་པ་ཉུང་ཤས་ཀྱི་སྒྲིག་ཁྲིམས་དང་སྒྲིག་ལམ་སྲུང་བའི་འདུ་ཤེས་སྔར་བཞིན་ཞན་པ་དང་། སེམས་ནང་སྐྲག་སྣང་མེད་ལ་བྱ་སྤྱོད་ཐད་སྒྲིག་ལམ་མེད་པ། སྡུག་ལག་མི་བསྐུམ་པ་དང་སྡུག་ཚོད་མི་ཟིན་པ་བཅས་བྱེད་ཀྱི་ཡོད་པ་མཚོན་ཡོད། གནད་དོན་དེ་དག་ཞིབ་བཤེར་ཐག་གཅོད་ཐུབ་པ་དེས“སྤྱོད་ཚུལ་བཞིའི”གནད་དོན་ཐད་དུས་ཡུན་ཇི་ཙམ་རིང་བ་དེ་ཙམ་གྱིས་སྒྲིག་ཁྲིམས་སྲུང་རྒྱུ་ནན་པོ་ཡོད་པའི་བརྡ་རྟགས་གསལ་པོ་བཏང་བ་དང་འབྲེལ་ཡོད་ས་ཆ་དང་ཚན་པའི་ཏང་རྩ་འཛུགས་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་བྱེད་པའི་རྣམ་འགྱུར་བརྟན་པོ་ཡོད་པ་གསལ་བཤད་ཐུབ་ཡོད།
          ཀྲུང་དབྱང་སྒྲིག་ཨུད་ཀྱི་འབྲེལ་ཡོད་འགན་ཁུར་བས་ནན་བཤད་བྱས་དོན། གོང་གསལ་གྱི་གནད་དོན་ཁག་བརྒྱད་ཁྲོད་ལ་ལས་བྱེད་ཐབས་བསྒྱུར་ནས་ནང་ངོས་ཀྱི་ཟ་ཁང་དུ་གསོལ་སྟོན་བཤམས་ཏེ་གཞུང་དངུལ་ཟ་རྒྱགས་སྤྱོད་གསུམ་བྱེད་པའི་དོན་དངོས་འགེབས་སྲུང་བྱེད་པ་དང་། ལ་ལས་དོ་དམ་ཞབས་ཞུ་བྱ་ཡུལ་གྱི་གསོལ་སྟོན་དང་། འབུལ་རྟེན། ཡུལ་སྐོར་བཀོད་སྒྲིག་བཅས་འཛེམས་མེད་ངང་དང་ལེན་ཞུས་ཏེ་སྤྱོད་གཙང་སྒྲིག་ཁྲིམས་ལས་འགལ་བ་མ་ཟད་སྲིད་ཚོང་དབར་གྱི་ཉེ་གཙང་འབྲེལ་བ་གཏོར་བཤིག་གཏོང་བ། ལ་ལས་དགའ་སྟོན་གྱི་བྱ་བར་ཁ་གཡར་ནས་རྒྱུ་དངུལ་ཧམ་ལེན་བྱེད་པ་དང་ཐ་ན་དུད་ཚང་དབུལ་པོ་དང་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་གྱི་དུད་ཚང་ནས་ཀྱང་རྒྱུ་དངུལ་བླངས་ཏེ་ལུགས་རྙིང་སྲོལ་ངན་གྱི་བྱ་སྤྱོད་གཏན་འགོག་ཡང་ཡང་བྱས་ཀྱང་སྒྱུར་བཅོས་མི་བྱེད་པ། ལ་ལས་གཞུང་དངུལ་སྤྱད་དེ་ཕྱི་རྒྱལ་དུ་ཡུལ་སྐོར་དུ་འགྲོ་བ་དང་གཞུང་གི་རྒྱུ་ནོར་ལ་ཕངས་སེམས་གཏན་ནས་མི་བྱེད་པ། ཚན་པ་ལ་ལའི་འགོ་ཁྲིད་ཨང་དང་པོས་སྣེ་ཁྲིད་དེ་སྒྲིག་འགལ་བྱས་ནས་ཚན་པའི་གོམས་སྲོལ་ལ་ཤུགས་རྐྱེན་ངན་པ་བཟོ་བ་བཅས་རེད། ཐག་གཅོད་བྱས་པའི་ཏང་ཡོན་ལས་བྱེད་པ་དེ་དག་ལ་སྣ་སུན་ཟབ་མོ་ཕོག་པས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་དེ་བསླབ་བྱར་བླངས་ནས་དུས་དང་རྣམ་པ་ཀུན་ཏུ་རང་སྐྱོན་རང་བརྟག་བྱེད་དགོས།
          ཀྲུང་དབྱང་སྒྲིག་ཨུད་ཀྱི་འབྲེལ་ཡོད་འགན་ཁུར་བས་བསྟན་དོན། དེང་སྐབས“སྤྱོད་ཚུལ་བཞིའི”གནད་དོན་བསྐྱར་དུ་ཐོན་པའི་མངོན་མེད་རྐྱེན་ངན་ལ་སྔར་བཞིན་སྣང་ཆུང་བྱེད་མི་རུང་བ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ་དང་། “སྤྱོད་ཚུལ་བཞིའི”གནད་དོན་ཡོ་བསྲང་བྱེད་པར་ངེས་པར་དུ་སྙིང་རུས་གཏན་འཁྱོངས་དང་ལྷོད་གཡེང་གཏན་ནས་གཏོང་མི་རུང་། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ངེས་པར་དུ་ཚུགས་ནུས་དང་ཐེག་ཤུགས་རྒྱུན་འཁྱོངས་བྱས་ཏེ་དུས་མཚམས་གཅིག་ལ་དུས་མཚམས་གཅིག་གི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ་དང་། དུས་མཚམས་གཅིག་གི་ཁྱད་ཆོས་གསར་པ་ཁོང་དུ་ཆུད་དེ་རྒྱུན་སྲིང་ལྷོད་མེད་དང་། འགོ་མཇུག་གཙང་སྒྲིལ། སྲོལ་བཟང་དར་བ་བཅས་བྱེད་དགོས། “སྤྱོད་ཚུལ་བཞིའི”གནད་དོན་ལ་དམིགས་ནས་དེའི་འགུལ་ཕྱོགས་གསར་པ་དང་མཚོན་ཚུལ་གསར་པར་དོ་ཁུར་ཟབ་མོ་བྱེད་པ་དང་། གཙོ་གནད་མཚམས་ཚིགས་དང་། གཙོ་གནད་ཁྱབ་ཁོངས་དང་ལས་གནས། འགག་རྩའི་ལྷུ་ཚིགས་བཅས་ལ་གཞིགས་ནས་ཞིབ་ཕྲ་དམ་འཛིན་དང་། ཞན་ཆ་གསབ་པ། བསྐྱར་དུ་ཐོན་རྒྱུ་སྔོན་འགོག་བཅས་བྱས་ཏེ་ལྟ་སྐུལ་སྒྲིག་སྐྱོང་དང་འགན་འཁྲི་བདའ་འདེད་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ་སྒྲིག་ལམ་ལྟར་ལྟ་སྐུལ་དང་སྒྲིག་ཁྲིམས་ལྟར་ལྟ་སྐུལ་བྱ་རྒྱུ་ཟུང་འབྲེལ་བྱས་ནས“སྤྱོད་ཚུལ་བཞིའི”གནད་དོན་ཡོ་བསྲང་བྱེད་པའི་ལས་དོན་གཞུང་དབང་ལག་བསྟར་བྱེད་པའི་ལས་ཞབས་པ་ཚང་མར་ཁྱབ་པ་བྱེད་པ་དང་། གཞི་རིམ་གྱི་ཏང་རྩ་འཛུགས་ཁག་དང་ཚན་པ་ཁག་ལ་རྒྱུན་མཐུད་ངང་གནོན་ཤུགས་བརྒྱུད་སྤྲོད་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཏང་གཤིས་བློ་སྦྱོང་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་རང་ངོས་ཀྱི་གནད་དོན་སྔོན་འགོག་བྱེད་ནུས་ཆེ་རུ་གཏོང་བ་དང་། སྣེ་ཁྲིད་དེ་འགན་འཁྲི་གཙང་སྒྲུབ་དང་། སྣེ་ཁྲིད་དེ་སྒྲིག་བཀུར་ཁྲིམས་སྲུང་བྱས་ཏེ་ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་སྤྱོད་ཚུལ་ནང་སེམས་སུ་ཟུག་པ་དང་ཕྱི་བྱ་སྤྱོད་དུ་འཁྱོལ་བ་བྱས་ཐོག་རྒྱུན་གཏན་གྱི་གོམ་གཤིས་དང་རང་རྟོགས་ངང་བརྩི་སྲུང་ཞུ་སར་འགྱུར་བ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།