འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་དང་ཤིན་ཅང་གི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་གཞོགས་འདེགས་བྱས་པ། 

    བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱིས་བོད་སྐྱོར་ཤིན་སྐྱོར་བྱེད་པའི་བརྙན་འཕྲིན་ཁ་པར་གྱི་སྐུལ་སློང་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་14ཉིན། 12:14】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་11ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས“བཟོ་ཚོང་མཉམ་འབྲེལ་ཁོངས་གཏོགས་ཀྱིས་བོད་སྐྱོར་ཤིན་སྐྱོར་བྱེད་པའི་བརྙན་འཕྲིན་ཁ་པར་གྱི་སྐུལ་སློང་ཚོགས་འདུ”འཚོགས་ཤིང་། ཚོགས་འདུའི་ཐོག“གནད་སྨིན་དབུལ་སྐྱོར་གྱི་བོད་ལྗོངས་ཀྱི་བྱ་སྤྱོད”དང“ངོ་མཚར་ཆེ་བའི་བྱ་གཞག་ཤིན་ཅང་ལྷོ་རྒྱུད་བྱ་སྤྱོད”ཀྱི་ལས་དོན་དང་ལས་འགན་བཀོད་སྒྲིག་བྱས་ཏེ་བོད་ལྗོངས་དང་ཤིན་ཅང་ལྷོ་རྒྱུད་ས་ཁུལ་དང་ཀྲོའུ་བཞིའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་གཞོགས་འདེགས་བྱས་པ་རེད།
           ཚོགས་འདུའི་ཐོག་རིམ་ཁག་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཁེ་ལས་ཁྲིས་གྲོང་ཚོ་ཁྲི་ལ་རོགས་རམ་བྱེད་པའི”བྱ་སྤྱོད་འགོ་ཁྲིད་ཚོགས་ཆུང་གི་ལས་ཀའི་ལམ་སྲོལ་དང་ལས་སྟེགས་བརྒྱུད་དམངས་གཉེར་ཁེ་ལས་ཀྱི་རོགས་སྐྱོར་སྟོབས་ཤུགས་ཤིན་ཏུ་དབུལ་བའི་ས་ཁུལ་དུ་འདྲེན་དགོས་པ་དང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་བོད་སྐྱོར་ཤིན་སྐྱོར་ལས་དོན་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས་ཁ་གཏད་རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་དང་ལེན་བྱེད་མཁན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལས་ཀའི་ལམ་སྲོལ་འཛུགས་པ་དང་། དམིགས་ཚད་ལས་འགན་ཞིབ་གཏོང་ཚད་འབེབས་བྱེད་པ། ལས་དོན་ལྟ་སྐུལ་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱེད་དགོས། རྗེས་འདེད་ཞབས་ཞུ་ཡག་པོ་བསྒྲུབས་ཏེ་རྣམ་གྲངས་འོས་སྦྱོར་དང་གནད་སྨིན་སྦྲེལ་མཐུད་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་རྣམ་གྲངས་དོན་འཁྱོལ་གྱི་རྗེས་འདེད་ཞབས་ཞུར་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།