འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།སྔོན་ཐོན་འདེབས་འཛུགས་ལག་རྩལ་གྱིས་ཀུ་ཤུའི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་14ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་ནང་གི་སྐད་གྲགས་ཡོད་པའི་རིགས་གཅིག་མཁས་ཅན་གྱི་དཔུང་ཁག་ཞུགས་པ་དང་མཛུབ་ཁྲིད་བྱས་པ་བརྒྱུད་བོད་ལྗོངས་ཉིང་ཁྲི་ཡི་མུའུ་1000ཙམ་གྱི་ཀུ་ཤུའི་སྡོང་པོའི་སྐྱེ་འཚར་བཟང་བ་དང་མུའུ་600ལྷག་ཙམ་ལ་འབྲས་བུ་བཏགས་ཡོད་པ་རེད། རྒྱལ་ནང་གི་ཆེས་སྔོན་ཐོན་གྱི་ཀུ་ཤུ་འདེབས་འཛུགས་ཀྱི་ལེགས་བསྡུས་ཞིབ་གཉེར་གྱི་ནུས་ཆེའི་འདེབས་འཛུགས་ལག་རྩལ་འཛམ་གླིང་ཡང་རྩེར་ཁྱབ་གདལ་བཏང་ནས་ས་ཆ་དེ་གའི་ཤིང་ཏོག་གཙོ་བོའི་ཐོན་སྐྱེད་རྟེན་གཞིའི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བ་རེད།
          2017ལོའི་ལོ་སྟོད་དུ་སྨན་གླིང་རྫོང་ཆབ་ནག་ཤང་གི་མུའུ་1000ལྷག་ཙམ་ཡོད་པའི་ས་ཞིང་ལ་ལོ་ལྟར་རྨང་གཞིའི་བོགས་དངུལ་སྒོར་900བྱས་ནས་བོད་ལྗོངས་ཉིང་ཁྲི་ཧྲེང་ཧྲི་ཚན་རྩལ་ཞིང་ལས་ཚད་ཡོད་ཀུང་སིར་བརྒྱུད་བཤུག་བྱས་ཏེ་ལེགས་བསྡུས་ཞིབ་གཉེར་གྱི་ནུས་ཆེའི་དཔེ་སྟོན་ཤིང་འབྲས་ལྡུམ་ར་བཙུགས་ཡོད་པ་རེད།
          རྒྱལ་ཁབ་ཀུ་ཤུའི་ཐོན་ལས་ཁྲོན་ནུབ་ས་མཐོའི་ཕྱོགས་བསྡུས་ཚོད་ལྟའི་ས་ཚིགས་ཀྱི་ཀྲེན་ཀྲང་སི་ཁྲོན་ཞིང་ཆེན་ཞིང་ལས་ཚན་རྩལ་ཁང་གི་དགེ་རྒན་ཆེ་མོ་བ་ཤེ་ཧུང་ཅང་གིས་ང་རང་ལོ་8ཀྱི་གོང་ནས་བོད་ལྗོངས་ཉིང་ཁྲིར་ཐེངས་དང་པོ་ཡོང་བ་དང་ལོ་ལྟར་ཐེངས་8ཙམ་ཡོང་གི་ཡོད་ཅེས་བརྗོད།
          ཁོང་གིས“ལེགས་བསྡུས་ཞིབ་གཉེར་གྱི་ནུས་ཆེའི་འདེབས་འཛུགས་ནི་འཛམ་གླིང་ཐོག་གི་ཀུ་ཤུ་ཐོན་སྐྱེད་བྱེད་པའི་སྔོན་ཐོན་རྒྱལ་ཁབ་ཀྱིས་ཡོངས་ཁྱབ་ཏུ་སྤྱོད་པའི་འདེབས་འཛུགས་ལག་རྩལ་ཞིག་ཡིན་པ་དང་། རང་རྒྱལ་གྱི་དེང་རབས་ཀུ་ཤུའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་ཀྱང་རེད། སྔོན་ཐོན་གྱི་འདེབས་འཛུགས་བྱ་ཐབས་དེ་ཁྱབ་གདལ་ཤུགས་ཆེན་བཏང་ཚེ་ཀུ་ཤུ་འདེབས་འཛུགས་ཀྱི་ལམ་ལུགས་དེ་རྒྱལ་སྤྱི་དང་འབྲེལ་མཐུད་བྱ་རྒྱུར་སྐུལ་མ་ཐེབས་ནས་ཀུ་ཤུ་ཐོན་སྐྱེད་བྱེད་པའི་གྲངས་འབོར་གྱི་རྣམ་པ་ནས་སྤུས་ཚད་ཀྱི་རྣམ་པའི་བར་འགྱུར་ལྡོག་འགྲོ་བར་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད”ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།