འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་འདམ་སྔོག་གྲུ་གཟིངས"ཐེན་ཁུན་རྟགས་ཅན"
    ཐོག་མར་ཚོད་གཏོང་ལེགས་གྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་14ཉིན། 12:40】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་འདམ་སྔོག་གྲུ་གཟིངས'ཐེན་ཁུན་རྟགས་ཅན'
ཐོག་མར་ཚོད་གཏོང་ལེགས་གྲུབ་བྱུང་བ།
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཚེས་12ཉིན་ཀྲུང་གོ་འགྲིམ་འགྲུལ་ཐེན་ཅིན་མཚོ་ཐོག་བགྲོད་ལམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉིན་4ཙམ་རིང་གི་མཚོ་ཐོག་འགྲུལ་སྐྱོད་ལ་བརྟེན་ནས་རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་བྱས་ནས་བཟོས་པའི་ཨེ་ཤེ་ཡའི་འདམ་སྔོག་གྲུ་གཟིངས་ཆེ་ཤོས“ཐེན་ཁུན་རྟགས་ཅན”ཚོད་ལྟའི་འགྲུལ་སྐྱོད་ཐོག་མར་ལམ་ལྷོངས་བྱུང་ཡོད། དེ་ཐོག་ནས“ཐེན་ཁུན་རྟགས་ཅན”དེ་འདམ་སྔོག་གྲུ་གཟིངས་ངོ་མ་ཞིག་ཏུ་འགྱུར་བར་འགག་རྩའི་གོམ་པ་ཞིག་སྤོས་པ་མཚོན་གྱི་ཡོད། 
          ངོ་སྤྲོད་བྱས་པར་གཞིགས་ན། “ཐེན་ཁུན་རྟགས་ཅན”གྱི་གྲུ་གཟིངས་ཀྱི་རིང་ཚད་ལ་སྨི་140དང་། ཞེང་ཚད་ལ་སྨི་27.8 སྔོག་ཚད་ཟབ་ཤོས་ལ་སྨི་35 སྒྲིག་སྦྱོར་བྱས་པའི་འཕྲུལ་ཆས་ཀྱི་རྩོལ་ཕྱོད་ཆན་ཝ་25843 ཆུ་ཚོད་རེར་འདམ་བག་སྨི་རྒྱ་དཔངས་གྲུ་བཞི་6000སྔོག་པའི་ཇུས་འགོད། གཞོག་གྲིའི་གཏན་འཁེལ་རྩོལ་ཕྱོད་ཆན་ཝ་6600བཅས་ཟིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།