འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས“ས་བོན་ཐེབས་རྩ”སྒོར་ཁྲི་4500སྤྱད་དེ་དབུལ་སྒྲོལ་འགག་སྒྲོལ་ལ་
    རམ་འདེགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་13ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཉིན་ཤས་གོང་སི་ཁྲོན་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱས་པར། ཞིང་ཆེན་ཁྱོན་ཡོངས་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱ་རྒྱུར་ཁྲིད་སྟོན་བྱ་ཆེད། སི་ཁྲོན་ཞིང་ཆེན་གྱིས“ས་བོན་ཐེབས་རྩ”སྒོར་ཁྲི་4500བཀོད་སྒྲིག་བྱས་ཏེ་སྤྱི་ཚོགས་རྩ་འཛུགས་ཉིད་ཤིན་ཏུ་དབུལ་བའི་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་རྣམ་གྲངས་སུ་ཞུགས་རྒྱུར་སྤྱོད་རྒྱུ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། སི་ཁྲོན་ཞིང་ཆེན་དམངས་སྲིད་ཐིང་གིས་2018ལོ་ནས་བཟུང་ཞིང་ཆེན་རིམ་པའི་ཕན་བདེའི་རྒྱན་ཤོག་གི་སྤྱི་ཕན་དངུལ་ནས་ལོ་ལྟར་སྒོར་ཁྲི་1500བཀོད་སྒྲིག་དང་ལོ་གསུམ་དུ་ཕྱེ་ནས་སྒོར་ཁྲི་4500བཀོད་སྒྲིག་བྱས་ཏེ་ཤིན་ཏུ་དབུལ་བའི་རྫོང་45ཡི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཆེད་མངགས་སྤྱད་ནས་ཞིང་ཆེན་ཁྱོན་ཡོངས་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་དེ་ཤིན་ཏུ་དབུལ་བའི་རྫོང་45རུ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཞུགས་རྒྱུར་ཁྲིད་སྟོན་བྱེད་པའི“ས་བོན་ཐེབས་རྩ”བྱ་རྒྱུའི་ཐག་བཅད་པ་རེད། སྤྱི་ཚོགས་རྩ་འཛུགས་ཀྱིས“ས་བོན་ཐེབས་རྩ”ལ་བརྟེན་ཏེ་གཅིག་གཏད་གཅིག་གམ་ཡང་ན་གཅིག་གཏད་མང་པོའི་བྱ་ཐབས་ལ་བརྟེན་ནས་ཤིན་ཏུ་དབུལ་བའི་ས་ཁུལ་དབུལ་པོ་45ལ་ཞིབ་ཕྲའི་རོགས་སྐྱོར་རྣམ་གྲངས་འབྲེལ་མཐུད་བྱ་རྒྱུ་དང་། ལག་རྩལ་གྱི་མཛུབ་ཁྲིད་དང་། ཤེས་ལྡན་པ་གསོ་སྐྱོང་། སྒྲིག་གཞི་གསོ་སྤེལ་སོགས་བྱེད་ཐབས་ལ་བརྟེན་ནས“ས་བོན་ཐེབས་རྩའི”དབུལ་སྒྲོལ་འགག་སྒྲོལ་གྱི་རྣམ་གྲངས་ལག་བསྟར་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།