འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱིལ་བུ་ནས་ཐོག་བརྩེགས་ཁང་བཟང་གི་བར།

    —— མཐའ་མཚམས་མེའོ་རིགས་གྲོང་ཚོའི་ལོ་བཅུའི་རིང་གི་འཚོ་བའི་འཕོ་འགྱུར།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་13ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀོང་ཤིས་ནེ་པོ་རྫོང་ནི་རང་རྒྱལ་གྱི་ལྷོ་ནུབ་ཀྱི་མཐའ་མཚམས་ཁུལ་དུ་གནས་ཤིང་། རང་བྱུང་ཆ་རྐྱེན་གྱི་བཀག་རྒྱ་དང་ལོ་རྒྱུས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་འོག་ཡུན་རིང་ནང་། ས་གནས་དེའི་མཐའ་མཚམས་ཀྱི་འགོ་བཙུགས་ལམ་ཐིག་ཏུ་འཚོ་སྡོད་བྱེད་མཁན་མེའོ་རིགས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་དམའ་ལ་ཤིན་ཏུ་དབུལ་པོ་ཡོད། ཉེ་བའི་ལོ་བཅུའི་རིང་། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མཉམ་རུབ་དམག་འཐབ་ཆེན་པོ་རྒྱག་འགོ་བཙུགས་པ་དང་ཆབས་ཅིག ནེ་པོ་རྫོང་གི་མཐའ་མཚམས་ཁུལ་དུ་ཡོད་པའི་མེའོ་རིགས་མང་ཚོགས་ཀྱི་མི་ཕྱུགས་ཀྱི་འཐུང་ཆུ་དང་། འགྲོ་ལམ། སྡོད་ཁང་། རླུང་འཕྲིན་དང་བརྙན་འཕྲིན་སོགས་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་ཡོད། ཁོ་ཚོས་ཐོན་སྐྱེད་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་དབུལ་ཞྭ་འབུད་ཐུབ་པའི་བརྩོན་ལེན་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་བཞིན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།