འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཅང་ཤིས་ཀྱིས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་ཕན་དབྱང་མཚེའུ་ཡི་ཆུ་སྤུས་ལེགས་
    སུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་13ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཅང་ཤིས་ཀྱིས་ཕན་དབྱང་མཚེའུ་ཡི་སྣོད་བཅུད་ཁོར་ཡུག་དང་ཆུའི་སྤུས་ཚད་ལེགས་སུ་གཏོང་ཆེད། དུས་ཡུན་ལོ་གསུམ་གྱི་ཕན་དབྱང་མཚེའུ་ཡི་སྣད་བཅུད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་བྱ་སྤྱོད་འཆར་གཞི(2018ལོ་ནས་2020ལོ་བར)བཏོན་ཅིང་། ཞིང་ཆེན་ཡོངས་ཀྱི་ས་ཁོངས་སུ་བཟོ་ལས་ཀྱི་སྦགས་བཙོག་འགོག་བཅོས་དང་། ཆུའི་སྦགས་བཙོག་བཅོས་སྐྱོང་། འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག ཞིང་ལས་ཀྱི་སྦགས་བཙོག་བཅོས་སྐྱོང་། ཆུ་ངོགས་ཕྱོགས་བསྡུས་བཅོས་སྐྱོང་། སྣོད་བཅུད་སྲུང་སྐྱོང་དང་ཉམས་བཟོ་བཅས་ཕྱོགས་7ཐད་ཀྱི་གཙོ་གནད་ལས་དོན་སྤེལ་བར། ཞིང་ཆེན་ཡོངས་ཀྱི་རྫས་འགྱུར་གྱི་གསོ་རླུང་མཁོ་ཚད་དང་ཨན་ཏན་གྱི་སྦགས་བཙོག་ཕྱིར་འབུད་བྱེད་ཚད་བརྟན་པོའི་ངང་ཆག་པ་རེད།
          ཅང་ཤིས་ཀྱིས་འཆར་གཞི་བྱས་ན། 2020ལོར་སླེབས་སྐབས་ཀན་ཅང་གཙང་པོ་དང་། ཤིན་ཅང་གཙང་པོ། ཕན་དབྱང་མཚེའུ་བཅས་ཆུ་ཁོངས་ཀྱི་ཁྲིམས་དང་མི་མཐུན་པའི་གྲུ་ཁ་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱ་རྒྱུ་དང་བྱེ་རྡོ་སྔོག་འདོན་གྱི་བྱེད་སྤྱོད་ཕྱོགས་ཡོངས་ནས་ཚད་ལྡན་དུ་གཏོང་རྒྱུ་རེད། ཆུས་བཙུགས་པའི་གྲོང་ཁྱེར་ཁག་ཏུ་གྲུ་གཟིངས་ཀྱི་སྦགས་བཙོག་དངོས་པོ་བསྡུ་ལེན་དང་། སྐྱེལ་འདྲེན། གཙང་སེལ་བཅས་ལ་ལྟ་སྐུལ་དོ་དམ་ལམ་ལུགས་འཛུགས་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི་འདམ་ར་སྲུང་སྐྱོང་བྱེད་ཚད་52%ཟིན་རྒྱུ་དང་། བེད་མེད་གཏེར་རིའི་ས་གཤིས་ཁོར་ཡུག་ཉམས་གསོ་བཅོས་སྐྱོང་དང་སྔོ་འགྱུར་སླར་གསོ་བྱེད་ཚད་50%ཡན་ཟིན་རྒྱུ། གཙོ་གནད་གཏེར་རིའི་ས་གཤིས་ཁོར་ཡུག་གནད་དོན་གཞི་རྩའི་ཆར་ཐག་གཅོད་ཐུབ་རྒྱུ། ཞིང་ཆེན་ཡོངས་ཀྱི་གཏེར་རིའི་ས་གཤིས་ཁོར་ཡུག་དང་སྣོད་བཅུད་ཁོར་ཡུག་གནས་ཚུལ་མངོན་གསལ་དོད་པོས་ལེགས་སུ་འགྲོ་ཐུབ་པ་བཅས་བྱས་ཏེ་འབྲི་ཆུའི་ཅང་ཤིས་ཆུ་རྒྱུད་ཀྱི“ཆུ་ངོགས་མཛེས་ཤོས”གཞི་རྩའི་ཆར་སྐྲུན་ཐུབ་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།