འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲུང་ཆིང་གིས“རིག་ལྡན་སྨན་ཁང”40བཙུགས་ཏེ་སྨན་བཅོས་ཞབས་ཞུའི་འཇོན་
    ཐང་ཆེ་རུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་13ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། དུས་ཚོད་སྐར་ཆ་ཁ་ཤས་ནང་གཏན་འཁེལ་ཐུབ་པའི་ཁ་ཆད་ཞབས་ཞུ་དང་། རྩ་གཉིས་ཨང་རྟགས་བཤེར་བ་ལས་སྨན་རིན་སྤྲོད་ཐུབ་པ། སྨན་ཁང་ཁག་དབར་རྒྱང་ཁྲིད་ཀྱི་སྨན་བཅོས་ཐུབ་པ་དང་བརྟག་དཔྱད་བྱས་འབྲས་ཕན་ཚུན་རྟོགས་ཐུབ་པ་ལ་སོགས། 2020ལོར་སླེབས་སྐབས་ཁྲུང་ཆིང་གིས“རིག་ལྡན་སྨན་ཁང”40ཡས་མས་བཙུགས་ཏེ་སྨན་བཅོས་ཞབས་ཞུའི་འཇོན་ཐང་ཆེ་རུ་ནུས་ལྡན་གཏོང་རྒྱུ་ཡིན་པ་རེད།
         ཁྲུང་ཆིང་གྲོང་ཁྱེར་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་རིག་ལྡན་གྱི་དམངས་ཕན་ཞབས་ཞུར་བསྟེན་ཚེ། རང་མིང་བཀོད་ནས་ཡིག་ཚགས་དང་གཱ་བཟོ་བ་དང་ཐོབ་ཐང་དབྱེ་འབྱེད་ཀྱི་སྟབས་བདེའི་ཞབས་འདེགས་ཞུ་ཐུབ་ལ། ནད་པར་དུས་མཚམས་ཕྱེ་ནས་ཨང་ཐོ་འགོད་པ་དང་། སྨན་པ་བསྟེན་པ། ནད་ཁང་དུ་སྡོད་པ། བརྟག་དཔྱད་བྱེད་པ་སོགས་ཁ་ཆད་ཀྱི་ནད་བརྟག་སྨན་བཅོས་ལ་ཡང་སྟབས་བདེ་སྐྲུན་ཐུབ། དེ་དང་ཆབས་ཅིག་རིག་ལྡན་སྨན་བཅོས་ལ་བསྟེན་ཚེ། སྒོ་བསྟེན་གཤགས་བཅོས་དང་། ལུགས་མཐུན་སྨན་སྤྱོད། ནད་ཐོག་སྨན་བཅོས་ཀྱི་ཐབས་ལམ། རིག་ཚན་མང་པོའི་ཚོགས་པ་དང་མཉམ་ལས། ནད་པའི་བདེ་འཇགས། དུས་ངེས་མེད་དུ་དོ་དམ་སོགས་ནད་བརྟག་སྨན་བཅོས་ཀྱི་འཆར་གཞི་དོན་ཐོག་ཏུ་འཁྱོལ་ནས་རིག་ལྡན་ཞབས་འདེགས་ཞུ་ཐུབ་ལ་སྨན་དོན་མི་སྣའི་ལས་ཀའི་ཁུར་པོའང་ཡང་དུ་འགྲོ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
      

    ཕྱོགས་བསྡུས་གསར་འགྱུར།