འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཅང་གི་ཤིན་ཏུ་དབུལ་བའི་ས་ཁུལ་འགན་བཅོལ་ལ་ཞུགས་ཚད་99.8%ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་13ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། 2018ལོའི་ཟླ་4པའི་ཟླ་མཇུག་བར་ཤིན་ཅང་གི་ཤིན་ཏུ་དབུལ་བའི་རྫོང་22ཀྱི་ཤིན་ཏུ་དབུལ་བའི་མི་འབོར་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་ཚད་99.8%ཟིན་པ་དང་། ཤིན་ཏུ་དབུལ་བའི་མི་འབོར་ལ་གཱ་ཡོད་ཚད་99.18%ཟིན་ནས། མི་རེར་གཱ་རེ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད་པ་རེད།
         ཤིན་ཅང་སྤྱི་ཚོགས་འགན་ལེན་དོ་དམ་ཅུས་ཀྱི་སྤྱི་ཁྱབ་རྩིས་གཉེར་བ་ཝང་ཝེ་ཡིས་ངོ་སྤྲོད་བྱས་པར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལ་ཞུགས་རྒྱུར་འཚམ་པའི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་སྒྲོལ་གྱི་ཟུར་མཆན་བཀོད་མེད་པའི་མི་འབོར་དབུལ་པོ་དང་། མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་སོགས་ཀྱི་མི་སྣ་དབུལ་པོར་ས་གནས་ཁག་གི་མི་དམངས་སྲིད་གཞུང་གིས་དེའི་ཚབ་བྱས་ནས་ཚད་གཞི་དམའ་ཤོས་ཀྱི་རྒན་གསོ་འགན་བཅོལ་གྱི་འགྲོ་གྲོན་གྱི་ཆ་ཤས་སམ་ཡང་ན་ཚང་མ་ཚབ་སྤྲོད་བྱེད་ཀྱི་ཡོད། མི་འབོར་དབུལ་པོ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་པའི་མི་སྒེར་གྱིས་སྤྲོད་དགོས་པའི་ཆ་ཤས་དེ་ནོར་སྲིད་ཀྱི་མ་དངུལ་ལམ་ཡང་ན་སྨན་བཅོས་སྐྱོབ་རོགས་ཐེབས་རྩས་ཁ་གསབ་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།