འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ལེའོ་ཉིང་གིས་སྒོར་དུང་ཕྱུར་4.24རི་བའི་དངོས་ཟོག་གྲབས་གསོག་བྱས་ནས་འབྲུབ་
    ཆུའི་གནོད་འགོག་ལ་སྤྱད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་13ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་ལེའོ་ཉིང་ཞིང་ཆེན་ཆུ་ལོག་སྔོན་འགོག་དང་ཐན་འགོག་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་གསལ། ལེའོ་ཉིང་ཞིང་ཆེན་གྱིས་འདི་ལོའི་ཆུ་འབྲུབ་དུས་བབ་ལ་དམིགས་ནས་ཆུ་ལོག་སྔོན་འགོག་གི་གྲ་སྒྲིག་ལས་དོན་སྔ་སྣུར་དུ་བཀོད་སྒྲིག་བྱས་ཏེ་སྒོར་དུང་ཕྱུར་4.24ཡི་ཆུ་འགོག་སྔོན་འགོག་དང་ཐན་འགོག་གི་དངོས་ཟོག་གྲབས་གསོག་བྱས་ཏེ་བདེ་འཇགས་ངང་འབྲུབ་ཆུའི་གནོད་འགོག་ལ་སྤྱད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ལེའོ་ཉིང་ཞིང་ཆེན་ཆུ་ལོག་སྔོན་འགོག་དང་ཐན་འགོག་བཀོད་འདོམས་པུས། མིག་སྔར་ལེའོ་ཉིང་ཞིང་ཆེན་དམག་ཁུལ་ཁང་དང་དྲག་ཆས་ཉེན་རྟོག་ལེའོ་ཉིང་ཞིང་ཆེན་སྤྱི་ཁྱབ་རུ་ཁག་དབར་གྱི་མཐུན་སྦྱོར་འབྲེལ་གཏུག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱིས་སྒོར་དུང་ཕྱུར་4.24རི་བའི་ཆུ་ལོག་སྔོན་འགོག་དང་ཐན་འགོག་གི་དངོས་ཟོག་སྣ་ཚོགས་གྲབས་གསོག་བྱས་ཏེ་ཞིང་ཆེན་རིམ་པའི་མཛོད་ཁང་2དང་། གནས་གཏན་འཁེལ་གྱི་མཛོད་ཁང(གྲོང་ཁྱེར་རིམ་པ་6དང་རྫོང་རིམ་པ་2)8 རྫོང་རིམ་པའི་མཛོད་ཁང་40 ཤང་དང་གྲོང་རྡལ་812 ཉེན་སེལ་འཕྲལ་སྡོམ་ཡན་ལག་རུ་ཁག་13 ཞིང་ཆེན་ཐད་གཏོགས་ཆུ་མཛོད་9བཅས་སུ་ཉར་ཚགས་བྱས་ཏེ། བཀོད་པ་ལུགས་མཐུན་དང་བེད་སྤྱོད་སྟབས་བདེའི་ཞིང་ཆེན་རིམ་པའི་ཆུ་ལོག་སྔོན་འགོག་དང་ཐན་འགོག་གི་དངོས་ཟོག་འགན་སྲུང་མ་ལག་ཅིག་ཆགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།